23 Mar 2016
1 min 1 sec
Audio Overview
Creators:
Nyanyang Group
A nomadic proverb from Drango, Ganzi Prefecture, Sichuan
- གནམ་སྔོན་པོ་འབབ་རེས་ཐང་རེས།
- ས་སྔོན་མོ་སྐྱ་རེས་སྔོ་རེས།
- ཕ་གཅིག་རུང་ཕོ་བ་མི་གཅིག
- སྔས་གཅིག་རུང་རྨི་ལམ་མི་གཅིག
- ཕ་དམ་པ་ཆང་གིས་བཟི་རུང་།
- དོན་དམ་པ་རླུང་ལ་མི་བསྐུར།
- ཕོ་ཚིག་ཡིན་ན་བརྟན་དགོས།
- དུང་མདོག་ཡིན་ན་དཀར་དགོས།
- སྐྱེས་ཕོ་རབ་ཚིག་ཐོག
- འཕར་བ་རྗེས་ཐོག
- ཕྱི་གྲོས་ལྕགས་རི་བསྐོར་འདྲ།
- ནང་གྲོས་མཁར་བཙན་བརྩིགས་འདྲ།
- ཕྱི་ཡི་དུག་ཆུ་ནང་ལ་བླུགས།
- ནང་གི་བདུད་རྩི་ཕྱི་ལ་འཕོས།
- ཕྱི་རྫ་རི་སྨུག་པོ།
- ནང་རྫ་ཁོག་སྐམ་པོ།
- བུ་བཟང་ན་དཔའ་བོ་གཅིག་གིས་ཆོག
- ཆང་བཟང་ན་དཀར་ཡོལ་གང་གིས་ཆོག
- བྱ་ཁྭ་ཏས་གནམ་འཕང་མི་ཆོད།
- མི་ངན་པས་རང་མགོ་མི་ཐོན།
- བོས་ན་མིང་ཅན།
- བགོས་ན་སྐལ་ཅན།
- བྲག་དམར་དཀྱིལ་ལ་ལམ་ཞིག་ཡོད།
- འཇིག་རྟེན་བོད་ལ་དཔེ་ཞིག་ཡོད།
- བླ་མ་རེ་ལ་ཕྱག་ལེན་རེ།
- ལུང་བ་རེ་ལ་སྐད་ལུགས་རེ།