Audio Overview
A nomadic proverb from Drango, Ganzi Prefecture, Sichuan
- ཉིན་རྩྭ་ཝ་མོའི་གྲ་ཁ་འདྲ།
- སྲིབ་རྩྭ་དགོ་བའི་ཐོང་ག་འདྲ།
- ཉེ་རིང་མེད་པའི་གཏམ་ཞིག་བཤད།
- ཆེ་ཆུང་མེད་པའི་སྐལ་ཞིག་བགོ
- སྙིང་ལག་ལ་བཞག་ན་ཤ་རེད།
- མིག་ལག་ལ་བཞག་ན་ཆུ་རེད།
- གཏམ་ཀུ་རེ་མེད་ན་བཤད་སྲོལ་མེད།
- ཟས་མཆོད་པ་མེད་ན་ཟ་སྲོལ་མེད།
- མི་གོ་བ་ཅན་ལ་ཚིག་གཅིག
- རྟ་གོམ་པ་ཅན་ལ་ལྕགས་གཅིག
- གཏམ་གྱི་བདེན་རྫུན་དཔྱད་ན་ཤེས།
- ལུག་གི་ཤ་ཤེད་རེག་ན་ཤེས།
- གཏམ་ཡ་མེད་དཔོན་པོའི་བཙན་གཏམ།
- རྔ་ཡ་མེད་དགོན་པའི་མཁར་རྔ།
- གཏམ་བཤད་ན་ཁ་བདེ་དགོས།
- དགྲ་འཐབ་ན་ལག་མྱུར་དགོས།
- གཏམ་ཨ་ཁུས་བཤད་ན་ཉེ་རིང་མེད།
- ཟས་ཕ་མས་བགོས་ན་ཆེ་ཆུང་མེད།
- རྟ་འདོ་བའི་རྒྱུག་ལམ་དྲང་དགོས།
- སྟག་ཤ་རའི་སེམས་པ་བརྟན་དགོས།
- རྟ་ཤོར་ན་འཛིན་ཐབས་ཡོད།
- ཚིག་ཤོར་ན་འཛིན་ཐབས་མེད།
- སྟག་འཛུམ་དྲུག་མཆོངས་བའི་ཤུལ་ལམ་ནས།
- ཝ་སྡར་མ་མཆོངས་ལམ་སྒལ་ཚིགས་གཅོག