23 Mar 2016
60 sec
Audio Overview
Creators:
Nyanyang Group
A nomadic proverb from Drango, Ganzi Prefecture, Sichuan
- སྔ་དྲོ་རྟ་བོ་ཆས་ཀྱིས་གསོས་ན།
- ཕྱི་དྲོ་དྲིན་ལན་འཕྲ་ཡིས་འཇལ།
- སྔ་མ་གསུམ་གྱི་སྔོན་མ།
- ནམ་མཁའི་སྤྲིན་གྱི་ཐོག་མ།
- སྔོན་ནས་དྲན་ན་བློ་ཡིན།
- རྗེས་ནས་དྲན་ན་འགྱོད་ཡིན།
- གཅིག་བཤད་དོན་ལ་མ་གནས་ན།
- བརྒྱ་བཤད་སྟོང་བཤད་སྟོང་བ་རེད།
- ཆུ་མགོ་ནས་བརྙོག་ན་དྭངས་མེད་ཡིན།
- གཏམ་ཤུགས་ནས་བཤད་ན་དོན་མེད་ཡིན།
- ཆ་ལུགས་མི་གཅིག་སོ་སོ།
- ཆོས་ལུགས་མི་གཅིག་ཁ་ཁ།
- ཆུ་བོ་ཆུང་ཆུང་འུར་སྒྲ་ཆེ།
- ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།
- ཆུ་རྨ་ཆུ་མཐའ་ནས་དྭངས་དགོས།
- ཉ་གསེར་མིག་ལྷང་ལ་འབུད་དགོས།
- འཆག་མེད་གསེར་གྱི་ཀ་བ་ཆག
- འཆད་མེད་དར་གྱི་ཆོན་ཐག་ཆད།
- འཇའ་ཁ་དོག་ཡག་རུང་སྣང་བ་རེད།
- འབྲུག་ངར་སྐད་ཆེ་རུང་སྟོང་སྒྲ་རེད།
- འཇམ་པོ་གྲི་ཡིས་མི་ཆོད།
- ཡང་མོ་ཕྲག་ལ་མི་ལོན།
- ཉི་མ་བརྒྱ་ལ་བཤད་རྒྱུ་ཡོད།
- ཉིན་ཞག་གཅིག་ལ་ངུ་རྒྱུ་ཡོད།