Audio Overview
A nomadic proverb from Drango, Ganzi Prefecture, Sichuan
- རྒྱ་སྒོའི་རྩིབ་གི་གློ་སྒོ།
- ཁ་ལག་བར་གི་འགོང་བོ།
- རྒྱ་སྟག་དམར་པོ་ནགས་ནས་ངར་ན།
- སེང་གེ་དཀར་མོ་གངས་ནས་ལོས་འགྱིང་།
- རྒྱ་མཚོ་རྩིབ་ནས་བཞག་སྟེ།
- གོ་གྱོང་མཆི་མས་བརླན་དོན།
- གངས་དཀར་སེམས་ལ་རྟ་ཞིག་མེད་ན།
- ཕུ་རུང་ནང་ལ་སྲབ་ཞིག་མི་འཇུགས།
- རྒྱ་མཚོ་ལ་དུག་བཏབ།
- རི་བོ་ལ་མེ་བཏང་།
- རྒྱུ་འགྲོ་ས་རྒྱལ་བོའི་བངས་མཛོད།
- ཆུ་བཞུར་ས་ལུང་བའི་སུམ་མདོ།
- རྒྱུ་ཡོད་ན་ཨ་ཁུའི་ཚ་བོ་རེད།
- རྒྱུ་མེད་ན་ཨ་ཁུའི་གཡོག་པོ་རེད།
- གཉོམ་ཆུང་ལུག་གུ་འདུག་འདུག་བྱས་ན།
- བཙན་པོ་གླག་གི་འཁྱེར་འཁྱེར་བྱེད་གི
- རྒྱུགས་ཟེར་ན་དམྱལ་བའི་འཕྲེང་རེད།
- རྒྱོབ་ཟེར་ན་ཨ་ཕའི་མགོ་རེད།
- བརྒྱ་བོའི་དཀྱིལ་ནས་བསལ་བ་ཡིན།
- བརྒྱད་པོའི་ནང་ནས་བདམས་པ་ཡིན།
- བརྒྱ་བཤད་ཚིག་གི་རྩ་བ་དང་།
- སྟོང་དཀྲུག་འོ་མའི་མར་ལོ་འདི།
- རྒྱལ་ཁ་མི་ལ་མི་སྟེར།
- དྲ་རིས་ཁྱི་ལ་མི་བསྐུར།:
- ངན་པའི་རང་སྟོད་ཆེ།
- རུས་མའི་བུ་སྟོད་ཆེ།