23 Mar 2016
1 min 3 sec
Audio Overview
Creators:
Nyanyang Group
A nomadic proverb from Drango, Ganzi Prefecture, Sichuan
- གོས་ཆེན་ཐང་ལ་བཏང་ན།
- བཟོ་ཁོག་ཡིད་ལ་འཆར་དགོས།
- གོས་བཟང་བོ་རང་གིས་གྱོན།
- ཟས་ཞིམ་པོ་གཞན་ལ་བྱིན།
- གྱོད་རྔ་མ་རིང་ན་བུ་ལ་ངན།
- བ་རྔ་མ་རིང་ན་དེ་དཔྱིད་དུས་ངན།
- གྲོག་མ་འགྲོ་འདུག་མང་ན།
- རྐང་ལག་ཐང་ཆུར་འབྱར།
- གླིང་གེ་སར་འདྲ་བའི་དཔའ་དགོས།
- མ་འབྲུག་མོ་འདྲ་བའི་ཟས་དགོས།
- གླེན་པ་ལུག་གི་མགོ་བོ་ཅན།
- བླུན་པོ་གཡག་གི་སྙིང་རྩ་ཅན།
- དགའ་ན་རྟ་དང་མཛོ་ཡང་བཞིན།
- སྡུག་ན་ཁབ་དང་སྐུད་ཡང་རྩོད།
- དགེ་རྒན་གཅིག་གི་དགེ་ཕྲུག
- ཕ་མ་གཅིག་གི་བུ་ཕྲུག
- དགྲ་ཁ་ཤོམ་ཆེ་ན་འགྲིག་འདོད་ཡིན།
- འབྲུག་འུར་སྒྲ་ཆེ་ན་ཐང་རྟགས་ཡིན།
- མགོ་ཐོག་ལ་བུམ་པ་བཞག
- ལྕེ་ཐོག་ལ་བདུད་རྩི་བླུགས།
- མགོ་རུས་པའི་ཀླད་ཞོ་མ་འཐོར་ན།
- ཁ་གྲུ་བའི་གཏམ་ལ་ཟད་པ་མེད།
- འགྲོ་འདོད་ན་རྟ་བོ་ཆས་ཀྱིས་གསོས།
- མཁས་འདོད་ན་གནས་ལྔའི་རིག་པ་སྦྱོངས།