28 Mar 2016
1 min 5 sec
Audio Overview
Creators:
Nyanyang Group
A nomadic proverb from Drango, Ganzi Prefecture, Sichuan
- ཐང་ཆེན་པོའི་དཀྱིལ་ན་མེ་ཏོག་མང་།
- སྡེ་ཆེན་པོའི་དཀྱིལ་ན་ཕྱུག་པོ་མང་།
- གནམ་གྱི་སྐར་མ་འོད་ཅན་པོ།
- ས་ཡི་མེ་ཏོག་མདངས་ཅན་པོ།
- མཐོ་ནས་གནམ་ལ་ཟུག་འདྲ།
- དམའ་ནས་ས་ལ་སྐྱེས་འདྲ།
- མེ་ཏོག་ཆུང་རུང་མཆོད་པ་ཡིན།
- གུར་གུམ་ཉུང་རུང་བུམ་རྫས་ཡིན།
- ཕ་དམ་པ་ཆང་གི་བཟི་རུང་།
- དོན་དམ་པ་རླུང་ལ་མི་བསྐུར།
- ཕ་བུ་ལོ་སྟག་འདྲ་གཟིག་འདྲ།
- མ་བུ་མོ་ལྷ་འདྲ་ཀླུ་འདྲ།
- ཕྱི་ཡི་རི་མོ་བཀྲ་ཤིས་རྟགས་བརྒྱད་ཡག
- ནང་གི་རི་མོ་རྒྱལ་སྲིད་སྣ་བདུན་མཛེས།
- བྱ་རྒོད་པོ་འཕུར་ན་གཤོག་རྩ་འདར་ས།
- སྟག་དམར་ཡག་མཆོང་ན་སྙིང་རྩ་འདར་ས།
- མ་སྲུ་མོའི་གནས་ལྷ་འཁོར་ས།
- བུ་ཚ་བོའི་དགྲ་ལྷ་མཆོད་ས།
- མི་མཁས་པ་ཐག་རིང་ཡུལ་ན་གྲགས།
- བློ་རིག་པ་རྒྱལ་ཁམས་ཀུན་ན་གསལ།
- མི་ཐམས་ཅད་དགའ་རྒྱུ་དཀའ་མོ་རེད།
- ཡུལ་ཕ་མ་དགའ་ན་དྲིན་ལན་རེད།
- མེ་ཏོག་སེར་ཆེན་སྤང་གི་རྒྱན།
- མཛའ་མཐུན་མགྲོན་པོ་ཁྱིམ་གི་བརྒྱན།