Audio Overview
A nomadic proverb from Drango, Ganzi Prefecture, Sichuan
- རྟ་འདོ་བ་རང་གི་ཡན་ཞིག་དགོས།
- ཁྱིམ་ཆུང་མ་རང་གི་མན་ཞིག་དགོས།
- མི་རྒས་ན་དབང་མེད།
- རྟ་རྒས་ན་གོམས་མེད།
- མི་རྒྱུད་ཅན་གྱི་བུ་མོ།
- རྟ་རྒྱུད་ཅན་གྱི་ཐོར་མོ།
- ཚེ་ཕྱི་མའི་སྐྱབས་གནས་བླ་མ་ཡིན།
- སྡེ་ཆེན་པོའི་ཁ་འཛིན་དཔོན་པོ་ཡིན།
- སྐྱེ་གཟུགས་ནམ་མཁའི་ལྷ་འདྲ་འདྲ།
- བློ་རིག་ཉི་ཟླའི་འོད་འདྲ་འདྲ།
- ཁ་དཀར་རྐྱང་ལ་ཁ་ལོ་མེད།
- བྲེ་སེར་འབྲོང་ལ་སྣ་ལོ་མེད།
- དགུང་ཨ་སྔོན་དཀྱིལ་ན་ཕ་ཡོད།
- ས་དོག་མོའི་དཀྱིལ་ན་མ་ཡོད།
- རྒྱབ་རི་རྡོ་རྗེ་བྲག་དཀར།
- མདུན་རི་ལྷ་ཤིང་ཤུག་པ།
- ངང་རྒྱུད་བལ་ལས་འཇམ།
- གཞུང་རྒྱུད་མདའ་ལས་དྲང་།
- ཆུ་ཆུང་རུང་རྨ་ཆུའི་ཡན་ལག
- མཛོ་ཆུང་རུང་ཁྱུང་དཀར་རྒྱུད་པ།
- རྟ་འདོ་བའི་གོམ་པ་རླུང་དང་འདྲ།
- མི་མཁས་པའི་སྐད་ཆ་ཆུ་དང་འདྲ།
- སྟོད་རྒྱ་གར་ཆོས་ཀྱི་འབྱུང་ཁུངས།
- སྨད་རྒྱ་ནག་ཁྲིམས་ཀྱི་ཞིང་ས།