23 Mar 2016
1 min 3 sec
Audio Overview
Creators:
Nyanyang Group
A nomadic proverb from Drango, Ganzi Prefecture, Sichuan
- ས་གར་སོང་ཟེར་ན་འདིར་སོང་དགོས།
- ལས་ཅི་བྱས་ཟེར་ན་འདི་བྱས་དགོས།
- སངས་རྒྱས་ལ་ཀ་ཁ།
- མཛོ་བདག་ལ་མཛོ་རྒྱུས།
- སེམས་ཀྱི་མདུད་པ་གྲོལ་སོང་།
- རྫ་མགོའི་སྨུག་པ་དྭངས་སོང་།
- སེམས་བསམ་པའི་སྟེང་གི་གནད་དོན།
- ལུས་ཕུང་བོའི་སྟེང་གི་ནད་གཞི།
- བསམ་པ་དཀར་པོ་དུང་འདྲ་འདྲ།
- ཡིད་སེམས་དྲང་མོ་མདའ་འདྲ་འདྲ།
- བསམ་ནས་བཤད་ན་ཚིག་ཡིན།
- བལྡད་ནས་མིད་ན་ཟས་ཡིན།
- ལྷ་གཅིག་ལ་གསོལ་བ་ཐོབ།
- ལམ་གཅིག་ལ་རྡོག་པས་ནོན།
- ལྷ་མ་རིག་གོང་ལ་ཞྭ་ཕུད།
- ཆུ་མ་རི་གོང་ལ་ལྷམ་ཕུད།
- ལྷོ་གཡུ་འབྲུག་སྔོན་མོ་མ་གྲགས་ན།
- ཤར་དུང་རིའི་སྨུག་པ་དྭངས་ཐབས་མེད།
- ཨ་མ་མ་གཏོགས་མི་ངོ་མི་ཟིན།
- གོ་ཁ་མ་གཏོགས་ས་ངོ་མི་ཟིན།
- ཁ་མཁས་ན་སྡེ་བའི་དཔོན་པོ།
- ལག་བདེ་ན་སྡེ་བའི་གཡོག་པོ།
- མགོ་ནག་སྐྱིད་སྡུག་གནམ་གི་ལག
- གོ་ཁ་དྲོན་པོ་རང་གི་ལག