Audio Overview
A nomadic proverb from Drakgo, Ganzi Prefecture, Sichuan
- ཟས་ཟ་ཚོད་ཟིན་ན་འབྱུང་གཞི་བདེ།
- གཏམ་མགོ་རྔ་འགྲིགས་ན་རྣ་བར་སྙན།
- བཟུང་ན་སྤར་བ་གང་།
- བཏང་ན་ཁ་བ་གང་།
- བཟང་ལན་ངན་གྱིས་མ་མཇལ།
- ཇ་ལན་ཆུ་ཡིས་མ་མཇལ།
- ཡ་རབས་ཚང་ལ་ལྷ་བཟོ་གསུམ།
- མ་རབས་ཚང་ལ་དུད་འཐེན་གསུམ།
- གཡས་ན་སྨུག་དྲུག་མདའ་ཡོད།
- གཡོན་ན་མཆོག་དཀར་གཞུ་ཡོད།
- ར་མ་བྲག་ལ་འགོས་ན།
- སེང་གེའི་སྣང་བ་འཆར།
- རང་སྐྱོན་རི་འདྲ་བ་བཞག་ནས།
- གཞན་སྐྱོན་ཤུག་འདྲ་བ་འཚོལ་དོན།
- རང་སྐྱོན་ཤེས་ན་སེང་གེ་ཡིན།
- རང་ལུས་དག་ན་བན་ཆུང་ཡིན།
- རང་ཁ་གསེར་གི་སྒོ་མོ།
- རང་སྲོག་གཅོད་པའི་རྟ་རེ།
- རིང་ཐུང་ཚད་ན་ཤེས།
- བདེན་རྫུན་བཤད་ན་ཤེས།
- རླུང་བསེར་བུ་ཞགས་པས་མི་ཟིན།
- ཆུ་གཙང་མོ་རྡོ་ཡིས་མི་ནོན།
- ལོ་བཟང་ལོ་ཏོག་འབྱུང་འདོད་ན།
- དང་པོ་རིན་ཆེན་ལུད་ལ་བརྩོན།
- བཤད་པའི་ཁ་འཕྲོ་གཙང་མ།
- བཟོས་པའི་སྲུབས་ཀ་དམ་པོ།