23 Mar 2016
1 min 2 sec
Audio Overview
Creators:
Nyanyang Group
A nomadic proverb from Drakgo, Ganzi Prefecture, Sichuan
- གཞན་ལ་བསམ་པ་ནག་ན།
- རང་ལ་སྦྱོར་བ་རྩིབ།
- མི་གསོད་གནམ་གྱིས་མི་ཁེབས།
- སྐྱོན་ཅན་རྒྱལ་པོས་མི་ཁེབས།
- མེ་ཏོག་ཆུང་རུང་མཆོད་རྫས་ཡིན།
- ཀུར་གུམ་ཉུང་རུང་སྨན་རྫས་ཡིན།
- རྨ་ཆུ་མ་རིག་ན་སྐོམ་མི་སོད།
- ཇོ་བོ་མ་རིག་ན་སེམས་མི་དག
- རྩམ་པ་རང་གིས་ཟོས་ནས།
- རྩམ་ཁུག་མི་མགོར་བསྐོན།
- ཚིག་རྩ་བ་ཅན་ལ་ཉན་རྒྱུ་ཡོད།
- བ་ནུ་མ་ཅན་ལ་བཞོ་རྒྱུ་ཡོད།
- ཚིག་གསུམ་བཤད་དབང་མེད།
- གོམ་གསུམ་སྤོ་དབང་མེད།
- ཚེ་གཅིག་གི་སྐྱ་ཡ།
- ཁལ་གཅིག་གི་དོ་ཡ།
- རྫ་ཁྲ་ཡག་ཡན་ན་གངས་ཡོད།
- གངས་དཀར་པོ་ཡན་ན་གནམ་ཡོད།
- རྫུན་ཨ་བྲ་གཉིས་ཀའི་རྔ་མ་ཐུང་།
- བདེན་ལུང་བ་གཉིས་ཀའི་ཕུ་ཐག་རིང་།
- བཞི་བརྒྱ་ནད་ཀྱི་འབྱུང་གཞི།
- དམར་ནག་དུག་གི་ས་བོན།
- ཟ་རྒྱུ་མང་ན་ནད་ཡིན།
- བཤད་རྒྱུ་མང་ན་གྱོད་ཡིན།
- ཟས་མི་ལག་བརྒྱུད་ན་ཇེ་ཉུང་ཡིན།
- གཏམ་མི་ཁ་བརྒྱུད་ན་ཇེ་མང་ཡིན།