23 Mar 2016
1 min 1 sec
Audio Overview
Creators:
Nyanyang Group
A nomadic proverb from Drango, Ganzi Prefecture, Sichuan
- དཀར་ཡོལ་བཅག་ན་འཚེམ་སྲོལ་ཡོད།
- སྒོ་ང་བཅག་ན་སྦྱོར་སྲོལ་མེད།
- བཀུག་བཀུག་ན་འཆག་འགྲོ།
- འཐེན་འཐེན་ན་ཆད་འགྲོ
- སྐད་ཆ་ཉུང་རུང་མགོ་རྔ་ཚང་།
- ལུང་བ་ཆུང་རུང་རྩྭ་ཆུ་འཛོམས།
- སྐད་ཆ་མང་ན་འཁྱལ་འགྲོ
- སྐུད་པ་རིང་ན་ཆད་འགྲོ
- སྐད་འདར་བའི་གླུ་ལ་སྙན་མོ་མེད།
- ལག་འདར་བའི་བྲིས་ལ་ཡག་པོ་མེད།
- སྐྱིད་ཀྱི་རྟ་ཕོ་མཉམ་ཞོན།
- སྡུག་གི་ཁུར་བོ་མཉམ་འཁུར།
- སྐྱིད་རེ་སྡུག་རེ་མ་བརྒྱུད་ན།
- སྐྱིད་སྡུག་ཁ་ཁར་འབྱེད་པ་དཀའ།
- སྐྲག་མི་དགོས་ཨ་ཕ་རྒྱབ་ན་ཡོད།
- ལྟོགས་མི་དགོས་བྲོ་ཁ་རུམ་ན་ཡོད།
- ཁ་ཁུ་བྱུག་བཞིན་དུ་སྙན།
- ཁོག་གཞུ་མོ་བཞིན་དུ་འཁྱོག
- ཁ་མཁས་པ་རྡོ་རྗེ་གཅོད་པ་རེད།
- བློ་རིག་པ་འཛམ་གླིང་ཉི་ཟླ་རེད།
- ཁ་ཆེ་རུང་སྣ་ཡི་འོག་རེད།
- ཆུ་ཆེ་རུང་ཟམ་པའི་འོག་རེད།
- ཁ་སྟོང་ནང་གི་ཚིག་སྟོང་།
- ལག་སྟོང་ནང་གི་ཕྱག་རྒྱ།