Audio Overview
The Namkha Trinmey Dangpa (the clear cloud less sky) is a popular Zhungdra song among the elderly people in the country and was believed to be composed in Punakha by one of Zhabdrung's chief while he was meditating in Seula temple after Zhabdrung went to retreat. The lyrics in the song has desirable and supplication words. The auther desires the sky to be clear without any cloud, supplicste the sun and stars to remain around with its full bright beam. He was pleased that monastery was erected in Samye with Buddha Maitreya as the central figure and people circumblating around the temple. Similarly fortress was also erected at Punakha, Zhabdrung Ngawang Namgyal as the central figure surrounded clergy. Thus, he tries to supplicate and desires all mentioned above to remain same and he will be pleased forever.
གླུ་གཞས་ནམ་མཁའ་སྤྲིན་མེད་དྭངས་བ་ཟེར་མི་འདི་ རྒྱལ་ཁབ་ནང་གི་ མི་རྒས་ཤོས་ཆ་ཁྱབ་ཀྱི་ ཡོངས་གྲགས་ཅན་གྱི་གཞུང་སྒྲ་ཅིག་ཨིནམ་ད་ གླུ་གཞས་འདི་ཡང་ ཞབས་དྲུང་རིན་པོ་ཆེ་ སྐུ་མཚམས་ནང་བྱོན་ཞིནམ་ལས་ ཞབས་དྲུང་རིན་པོ་ཆེའི་གསོལ་དཔོན་ཅིག་གིས་ སྤུན་ན་ཁ་ སིཝ་ལ་ལྷ་ཁང་ནང་ མཚམས་བཅད་བཞུགསཔ་ད་ བརྩམས་བརྩམས་ཨིནམ་སྦེ་ ཆ་བཞགཔ་ཨིན་པས། གླུ་གཞས་ཀྱི་ཚིག་འདི་ ཡིད་ཁར་འོང་ཏོག་ཏོ་དང་ བསྟོད་ཚིག་ཙང་ཙ་ཡོདཔ་ད་ གླུ་གཞས་ཀྱི་ཚིག་ནང་ བརྩམས་པ་པོ་གིས་ གནམ་སྤྲིན་མེད་པར་དྭངས་འཕྲོས་འཕྲོས་ནང་ སྐར་ཚོགས་ཡོངས་བསྐོར་བ་ནང་ ཁྲི་གདུགས་ཉི་མ་བཞུགས་པ་དང་ སྐར་ཚོགས་ཡོངས་ཀྱིས་ བསྐོར་བ་རྟེན་འབྲེལ་བཟང་ཟེར་ཨིན་པས། ལྷ་ས་ལུ་བསམ་ཡས་བཞེངས་ཏེ་ ཇོ་བོ་ཤཱཀྱ་མ་ཎི་ནང་རྟེན་སྦེ་ བཞུགས་ཏེ་ ་དྭངས་རེ་སྤྲོ་བ་གི་མ་ཚད་ མི་ཚུ་ལྷ་ཁང་བསྐོར་བ་རྐྱབ་མི་འདི་ རྟེན་འབྲེལ་བཟང་བས་ཟེར་ཨིན་པས། འདི་ཅོག་ར་འཐདཔ་སྦེ་ སྤུན་ན་ཁ་ལུ་ཡང་ རྫོང་བཞེངས་ཏེ་ ཞབས་དྲུང་རིན་པོ་ཆེ་མཆོག་ ནང་རྟེན་སྦེ་བཞུགས་ཏེ་ དགེ་འདུན་གྱི་ཚོགས་ཀྱི་བསྐོར་ཏེ་ཡོད་ཟེར་ཨིནམ་ད་ ཁོ་གིས་ གོང་ལུ་བཀོད་མི་ཆ་ཁྱབ་ དུས་ཨ་རྟག་ར་འགྱུར་བ་མེདཔ་སྦེ་ བཞུགས་བཅུག་ཟེར་དང་ ཁོ་ཡང་ཨ་རྟག་ར་སེམས་དགའ་སྟེ་སྡོད་འོང་ཟེར་ཨིན་པས།
- ཀུན་ལེགསནམ་མཁའ་སྤྲིན་གྱི་(མེད་)དྭངས་མ་(པ་)སེམས་ཀྱི་(རེ་)དགའ། །
- ཀུན་ལེགསཁྲི་གདུགས་ཉི་མ་བཞུགས་པ་ལ་མདངས་རེ་སྤྲོ། །
- ཀུན་ལེགསསྐར་ཚོགས་ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་། །
- ཀུན་ལེགསཞལ་ཧ་ཡང་མཇལ་ཅིག་(ཀྱང་)ལ་དོ་རུང་མཇལ།།
- ཀུན་ལེགསཞལ་ཡང་ཡང་མཇལ་བའི་ལ་སྨོན་ལམ་ཞུ། །
- ཀུན་ལེགསལྷ་ས་བསམ་ཡས་བཞེངས་པ་ལ་སེམས་ཀྱི་(རེ་)དགའ་ལ། །
- ཀུན་ལེགསཤཱཀྱ་མ་ནི་(མུ་ནི་)བཞུགས་པ་ལ་མདངས་རེ་སྤྲོ་ལ། །
- ཀུན་ལེགས[པད་སྐོར་ཡོངས་ཀྱིས་?]བསྐོར་བ་ལ་རྟེན་འབྲེལ་བཟང་ལ། །
- ཀུན་ལེགསཞལ་ཧ་ཡང་མཇལ་ཅིག་(ཀྱང་)ལ་དོ་རུང་མཇལ་ལ། །
- ཀུན་ལེགསཞལ་ཡང་ཡང་མཇལ་བའི་ལ་སྨོན་ལམ་ཞུ་ལ། །
- ཀུན་ལེགསསྤུ་ན་བདེ་ཆེན་བཞེངས་མ་(པ་)ལ་སེམས་ཀྱི་(རེ་)དགའ་ལ། །
- ཀུན་ལེགསངག་དབང་རྣམ་རྒྱལ་བཞུགས་པ་ལ་མདངས་རེ་སྤྲོ་ལ། །
- ཀུན་ལེགསཆབ་བླུགཔ་ཡོངས་ཀྱིས་བསྐོར་བ་ལ་རྟེན་འབྲེལ་བཟང་ལ། །
- ཀུན་ལེགསཞལ་ཧ་ཡང་མཇལ་ཅིག་(ཀྱང་)ལ་དོ་རུང་མཇལ་ལ། །
- ཀུན་ལེགསཞལ་ཡང་ཡང་མཇལ་བའི་ལ་སྨོན་ལམ་ཞུ་ལ། །
- ཀུན་ལེགསགཡུས་བཟང་བདེ་ཆེན་བཞེངས་མ་(པ་)ལ་སེམས་ཀྱི་(རེ་)དགའ་ལ། །
- ཀུན་ལེགསརང་ཡབ་ཡུམ་གཉིས་ཀུ་བཞུགས་པ་ལ་མདངས་རེ་སྤྲོ་ལ། །
- ཀུན་ལེགསསུམ་ཆང་མཚོ་འདེ་འཁྱིལ་བ་ལ་རྟེན་འབྲེལ་བཟང་ལ། །
- ཀུན་ལེགསཞལ་ཧ་ཡང་མཇལ་ཅིག་(ཀྱང་)ལ་དོ་རུང་མཇལ་ལ། །
- ཀུན་ལེགསཞལ་ཡང་ཡང་མཇལ་བའི་ལ་སྨོན་ལམ་ཞུ། །ལགས་སོ་ལགས་སོ་ལགས།། །།