Audio Overview
These women from Talo Geog are experts in classical Bhutanese songs. The song was recorded in Karma Studio at Jungshina. These experts including others from across the country gathered in capital for symposium to discuss and enhance the lyrics and tones of traditional songs. This particular song describes about a person called Kungrung and his stuffs like the hat and the clothes he wears, his family background and his religious masters.
སྤུན་ན་ཁ་རྫོང་ཁག་ རྟ་ལོག་རྒེད་འོག་གི་ ཨམ་སྲུ་འདི་ཚུ་ འབྲུག་གི་ཞབས་བྲོ་ལུ་ མཁས་མཆོག་་ཨིནམ་ད་ གླུ་གཞས་འདི་ འབྱུང་བཞི་ནང་ ཀརྨ་གློག་བརྙན་ཁང་ནང་སྦེ་ སྒྲ་བཟུང་འབད་འབདཝ་ཨིན། འབྲུག་གི་གླུ་གཞས་ཀྱི་མཁས་མཆོག་ཚུ་ འབྲུག་རྒྱལ་ཁབ་ཀྱི་ གླུ་གཞས་ཀྱི་སྐོར་ལས་ གྲོས་འཛོམས་གནང་པར་ ཐིམ་ཕུག་རྒྱལ་ས་ལྟེ་བ་ལུ་འཛོམས་ཡི། གླུ་གཞས་འདི་ནང་ ཀུང་རུང་ཟེར་མི་ མི་ཅིག་དང་ ཁོ་གི་ཅ་ལ་ ཞྭམོ་དང་ ཁོ་གི་གོན་མི་ གོ་ལའི་སྐོར་ལས་དང་ ཁོ་གི་བཟའ་ཚན་གི་སྐོར་ལས་ འདི་ལས་ཁོ་གི་བླམ་གྱི་སྐོར་ལས་ བཤད་པ་རྐྱབ་ཨིན་པས།
- ལྷ་མོ་དང་ཆ་རོགས་ཚུ་ཀོང་པོ་རྒྱ་ནག་རི་བོ་གི་ཕར་རྒྱབ་ན། །རྒྱ་ནག་[འཚོ་མི་ཀུན་གྱི་འཚོ་ཞིང་ན?]། །རྒྱ་ནག་[འཚོ་མི་ཀུན་གྱི་འཚོ་ཞིང་ན?]། །
- ལྷ་མོ་དང་ཆ་རོགས་ཚུ་[ཀོང་ཕྲུག་ང་ནི་ཕར་ཡར་ཡ་ལ་ཡོད་པ་ཟེར། །ཀོང་ཕྲུག་ང་ནི་གཅིག་ཡང་ཡ་ལ་ཁང་བྱའི་ཟེར། །ཀོང་ཕྲུག་ང་ནི་གཅིག་ཡང་ཡ་ལ་ཁང་བྱའི་ཟེར། །?]
- ལྷ་མོ་དང་ཆ་རོགས་ཚུ་ཀོང་ཕྲུག་ང་ནི་དབུ་ཞྭ་ཡ་ལ་པད་ཞྭ་ཡོད། །དབུ་ཞྭ་པད་ཞྭ་ཡ་ལ་གསེར་ཞྭ་ཡོད། །དབུ་ཞྭ་གསེར་ཞྭ་ཡ་ལ་[སྤ་ཀྲོག་ཡོད། །?]
- ལྷ་མོ་དང་ཆ་རོགས་ཚུ་ཀོང་ཕྲུག་ང་ནི་ན་བཟའ་ཡ་ལ་[དཀར་ཆག་?]ཡོད། །ན་བཟའ་[དཀར་ཆག་ཡ་ལ་ཕུ་ཀྲུ་?]ཡོད། །ན་བཟའ་[དཀར་ཆག་ཡ་ལ་ཕུ་ཀྲུ་?]ཡོད། །
- ལྷ་མོ་དང་ཆ་རོགས་ཚུ་ཀོང་ཕྲུག་ང་ནི་མུ་ཏིག་ཡ་ལ་སོར་དང་ཡོད། །མུ་ཏིག་སོར་ན་ཡ་ལ་སོར་ནི་ཡོད། །མུ་ཏིག་སོར་ན་ཡ་ལ་སོར་ནི་ཡོད། །
- ལྷ་མོ་དང་ཆ་རོགས་ཚུ་ཀོང་ཕྲུག་ང་ནི་བོད་ཀྱི་ཡ་ལ་[མ་བུ་?]ཡོད། །བོད་ཀྱི་[མ་བུ་?]ཡ་ལ་བལྟ་ལི་ཡོད། །བོད་ཀྱི་[མ་བུ་?]ཡ་ལ་བལྟ་ལི་ཡོད། །
- ལྷ་མོ་དང་ཆ་རོགས་ཚུ་གུམ་པོ་རྒྱ་ནག་རི་བོ་གི་ཕར་རྒྱབ་ན། །རྒྱ་ནག་[འཚོ་མིའི་རིགས་ཀྱི་འཚོ་གཞི་?]ནང་། །རྒྱ་ནག་[འཚོ་མིའི་རིགས་ཀྱི་འཚོ་གཞི་?]ནང་། །
- ལྷ་མོ་དང་ཆ་རོགས་ཚུ་ཨོ་ལོ་དྭ་བུ་ཅན་གྱི་གཡོག་པ་མིན། །ཕ་མ་མགྱོགས་པར་ཅིག་གི་ཕུ་བརྒྱུད་ཨིན། །ཕ་མ་མགྱོགས་པར་ཅིག་གི་ཕུ་བརྒྱུད་ཨིན། །
- ལྷ་མོ་དང་ཆ་རོགས་ཚུ་བླ་མ་གང་བྱུང་མང་བྱུང་བུ་བརྒྱུད་མིན། །སྐྱབས་གནས་སྐལ་བ་ཡབ་སྲས་བུ་བརྒྱུད་ཡིན། །སྐྱབས་གནས་སྐལ་བ་ཡབ་སྲས་བུ་བརྒྱུད་ཡིན། །
- ལྷ་མོ་དང་ཆ་རོགས་ཚུ་བུ་ཡི་བུ་སངས་བཞུགས་པའི་ཀོང་ཕྲུག་ང་། །ཤི་ཡང་ཤི་ས་བཟང་བའི་བླ་མ་མཁྱེན། །ཤི་ཡང་ཤི་ས་བཟང་བའི་བླ་མ་མཁྱེན། །
- ལྷ་མོ་དང་ཆ་རོགས་ཚུ་མ་ཤི་ཀོང་ཕྲུག་མངའ་རིའི་ཕར་རྒྱབ་བཞག །ཤི་ན་བླ་མ་བཟང་མོ་ཕུལ་རྒྱུ་ཡིན། །ཤི་ན་བླ་མ་བཟང་མོ་ཕུལ་རྒྱུ་ཡིན།། །།