13 Oct 2014
1 min 49 sec
- ཡ་ལ་རོགས། ཕྱི་རྫ་རི་ཡག་ད།
- ཡ། གངས་རི་ལ། ནང་རྫ་ཆུ་ཡག་ད་འོ་མ་རེད།
- འོ། ཆུའི་འགྲམ་དར་ཆགས་ནོ་འབྲི་མར་རེད།
- ཆུ་བརྗེད་ན་འབྲི་མར་བརྗེད་མེད་རེད།
- ཡ་ལ་རོགས། ཕྱི་ནགས་རི་ཡག་ད།
- ཡ། གོས་ལྭ་རེད། ནང་སྡོང་ཕྲན་ཡག་ར་གོས་ལྗང་རེད།
- འོ། མགོ་ཐོག་གི་ཆགས་ལོ་བྱུར་དམར་རེད།
- འོ། གོས་བརྗེད་ན་བྱུར་དམར་བརྗེད་མེད་རེད།
- ཡ་ལ་རོགས། ཕྱི་སྡེ་རི་ཡག་ད།
- འདྲ་དུང་རི་རེད། ནང་དགའ་ལོ་ཡག་ད་དུང་སྐུ་རེད།
- འོ། ཚིག་བཤད་པ་རྗེ་བཙུན་མགུར་མ་རེད།
- འོ། རོགས་བརྗེད་ན་མགུར་མ་བརྗེད་མེད་རེད།