Skip to main content Skip to search
14 Feb 2017
3 min 53 sec
Audio Overview
Creators: 
Yeshi Wangchuk, Penchela, Karma

The song Trashi pai lamo sang by the women of Talo Geog is an old Boedra song that glorifies the great Bhutanese religious masters like Shacha Muni, the Buddha, Namkhai Nyingpo, the great master of Lhadrag Karchung and Zhabdrung Ngawang Namgyal, the founder of Bhutan. These masters had made an audience to the Bhutanese people. Thus, the glance of audience made by these great masters is sure to purify the sins of every Bhutanese people who accumulated in the span of one's life.

སྤུན་ན་ཁ་རྫོང་ཁག་ རྟ་ལོག་རྒེད་འོག་གི་ ཨམ་སྲུ་ཚུ་གིས་འཐེན་མི་ བཀྲིས་པའི་ལྷ་མོ་ཟེར་མི་འདི་ ནང་པའི་བླམ་ ཤཱཀྱ་མུ་ནེ་ སངས་རྒྱས་དང་ ལྷོ་བྲག་མཁར་ཆུའི་བླམ་ ནམ་མཁའི་སྙིང་པོ་དང་ འབྲུག་ལུ་ ཆོས་སྲིད་ལུགས་གཉིས་ཀྱི་ ལུགས་སྲོལ་བཙུགས་གནང་མི་ བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་བཟུམ་ལུ་ བསྟོད་པ་རྐྱབ་པའི་ བོད་སྒྲའི་གླུ་གཞས་རྙིངམ་ཅིག་ཨིན་པས། བླམ་འདི་ཚུ་གིས་ འབྲུག་མི་ཡོངས་ལུ་ མཇལ་ཁ་གནང་བ་མ་ཚད་ འདི་འབདཝ་ལས་ འདི་བཟུང་གི་ བླམ་ཚུ་མཇལ་བ་ཙམ་གྱིས་ འབྲུག་མི་ཡོངས་ཀྱི་ ལས་སྒྲིབ་དག་སྟེ་ བདེ་བ་བླ་ན་མེདཔ་སྦེ་ ཐོབ་བཅུག་ཟེར་ཨིན་པས།

Transcript search
No results found for this search
0 of 0
  • ལྷ་མོ་དང་ཆ་རོགས་ཚུ་
    བཀྲ་ལ་ཤིས་པའི་ལ་མོ་འདི་ལ་བརྒལ་སོང་། །གཡང་ལ་ཆགས་པའི་ལབ་རྩ་འདི་ལ་བརྒལ་སོང་། །གཡང་ལ་ཆགས་པའི་ལབ་རྩ་འདི་ལ་བརྒལ་སོང་། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཆོས་འཁོར་ལྷ་ས་སྐུ་ཉམས་ལས་སྤྲོ་ས། །ཤཱཀྱ་མུ་ཎི་མཇལ་བ་ལས་ལྷགས་སོང་། །ཤཱཀྱ་མུ་ཎི་མཇལ་བ་ལས་ལྷགས་སོང་། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཕྲ་ཅུང་མིག་གི་ལྟོད་མོ་ལས་སྤྲོ་ས། །ཟ་མ་ལུས་སེམས་སྒྲི་པ་ལས་དག་སོང་། །ཟ་མ་ལུས་སེམས་སྒྲི་པ་ལས་དག་སོང་། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཕོ་བྲང་དཀར་ཅུང་སྐུ་ཉམས་ལས་སྤྲོ་ས། །ནམ་མཁའི་སྙིངཔོ་དང་མཇལ་བ་ལས་ལྷགས་སོང་། །ནམ་མཁའི་སྙིངཔོ་དང་མཇལ་བ་ལས་ལྷགས་སོང་། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཕྲ་ཅུང་མིག་གི་ལྟོད་མོ་ལས་སྤྲོ་ས། །ཟ་མ་ལུས་སེམས་སྡིག་པ་ལས་དག་སོང་། །ཟ་མ་ལུས་སེམས་སྡིག་པ་ལས་དག་སོང་། །
  • ལྷ་མོ་དང་ཆ་རོགས་ཚུ་
    གསང་སྔགས་ཆོས་གླིང་སྐུ་ཉམས་ལས་སྤྲོ་ས། །ངག་དབང་རྣམ་རྒྱལ་མཇལ་བ་ལས་ལྷགས་སོང་། །ངག་དབང་རྣམ་རྒྱལ་མཇལ་བ་ལས་ལྷགས་སོང་། །
  • ལྷ་མོ་དང་ཆ་རོགས་ཚུ་
    ཕྲ་ཅུང་མིག་གི་ལྟོད་མོ་ལས་སྤྲོ་ས། །ཟ་མ་ལུས་སེམས་སྡིག་པ་ལས་དག་སོང་། །ཟ་མ་ལུས་སེམས་སྡིག་པ་ལས་དག་སོང་།། །།