Skip to main content Skip to search
14 Feb 2017
3 min 22 sec
Audio Overview
Creators: 
Yeshi Wangchuk, Penchela

The song Amai Bumchung, a sacred song sang by Kelzang Dolma from Changlangkha under Paro Gewog is an old Boedra song. The song is about an Angle called Azhi Nangsa who was born from the heaven. Bumchung here reffers to zhi Nangsa beceause the song seems to composed while she was at young age. Although she was bron from ordinary mother but she seems she was gifted from the heaven for the welfare of all sentient beings. The main aim of the song seemed to focus on sacredness of Azhi Nangsa as she was celestial being.

སྤ་རོ་རྫོང་ཁག་ ལྕང་ལང་ཁ་གཡུས་ཚན་ལས་ སྐལ་བཟང་སྒྲོལ་མ་གིས་འཐེན་མི་ ཨ་མའི་བུམོ་ཅུང་ཟེར་མི་འདི་ བོད་སྒྲའི་གླུ་གཞས་ཅིག་ཨིནམ་ད་ འདི་ཡང་ལྷའི་གཡུས་ལས་སྐྱེས་སྐྱེསཝ་ཨིནམ་ཟེར་ ཡིད་ཆེས་བསྐྱེད་མི་ བུམོ་ཅུང་སྣང་སའི་སྐོར་ལས་ཨིན་མས། ཏེ་བུམོ་ཅུང་སྣང་ས་ཟེར་མི་འདི་ ཨ་ཞེ་སྣང་ས་ལུ་གོ་ནི་ཨིནམ་ད་ འདི་ཡང་མོ་སྐུ་ན་ཆུང་ཀུ་སྦེ་བཞུགསཔ་ད་ བརྩམས་བརྩམསམ་ཅིག་འབདཝ་ལས་ བུམོ་ཅུང་སྣང་ས་ཟེར་ ཞུ་ཞུཝ་བཟུམ་ཅིག་འདུག། ཏེ་ཨ་ཞེ་སྣང་ས་འདི་ སྤྱིར་བཏང་མིའི་བུམོ་སྦེ་ སྐུ་འཁྲུངས་ཡོད་རུང་ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་ ལྷའི་གཡུས་ཁ་ལས་ སེམས་ཅན་གྱི་དོན་མཛད་པ་ བྱོན་གནང་གནངམ་ཅིག་འབདཝ་ལས་ གླུ་གཞས་འདི་ཡང་ མོ་གི་བྱིན་རླབས་དང་ར ྩ་ཆེ་བའི་སྐོར་ལས་ཨིན་མས།  

Transcript search
No results found for this search
0 of 0
  • སྐལ་བཟང་སྒྲོལ་མ་
    ཨ་མའི་བུམོ་ཅུང་སྣང་སྲིད་སམ་མའི་(བུ་མོ་སྣང་ས་བསམ་པའི་)རས་ཆུང་ང་ལ། །
  • སྐལ་བཟང་སྒྲོལ་མ་
    འཁྲུངས་ས་འཁྲུངས་ལུས་(ལུགས་)ཤེས་རང་ལ་མི་དགོ་རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    འཁྲུངས་ས་འཁྲུངས་ལུས་(ལུགས་)ཤེས་རང་ལ་མི་དགོ་རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    འཁྲུངས་ས་འཁྲུངས་ལུས་(ལུགས་)ཤེས་རང་དགོ་ན་རས་ཆུང་ང་ལ། །
  • སྐལ་བཟང་སྒྲོལ་མ་
    ངའི་(ང་ནི་)དགུང་སྔོན་ཕྱོགས་ལས་ལ་ཨིན་ན་(ནོ་)རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    ངའི་(ང་ནི་)དགུང་སྔོན་ཕྱོགས་ལས་ལ་ཨིན་ན་(ནོ་)རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    ཉི་མ་གཟའ་འཛིན་མ་བཏང་ཟེར་ན་རས་ཆུང་ང་ལ། །
  • སྐལ་བཟང་སྒྲོལ་མ་
    ངའི་ཉིན་ཟེར་སྐྱོན་དང་ལ་ཆགས་པས་རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    ངའི་ཉིན་ཟེར་སྐྱོན་དང་ལ་ཆགས་པས་རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    ཨ་མའི་བུམོ་ཅུང་སྣང་སྲིད་སམ་མའི་(བུ་མོ་སྣང་ས་བསམ་པའི་)རས་ཆུང་ང་ལ། །
  • སྐལ་བཟང་སྒྲོལ་མ་
    འཁྲུངས་ས་འཁྲུངས་ལུས་(ལུགས་)ཤེས་རང་ལ་མི་དགོ་རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    འཁྲུངས་ས་འཁྲུངས་ལུས་(ལུགས་)ཤེས་རང་ལ་མི་དགོ་རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    འཁྲུངས་ས་འཁྲུངས་ལུས་(ལུགས་)ཤེས་རང་དགོ་ན་རས་ཆུང་ང་ལ། །
  • སྐལ་བཟང་སྒྲོལ་མ་
    ངའི་(ང་ནི་)གངས་སྟོད་ཕྱོགས་ལས་ལ་ཨིན་ན་(ནོ་)རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    ངའི་(ང་ནི་)གངས་སྟོད་ཕྱོགས་ལས་ལ་ཨིན་ན་(ནོ་)རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    གངས་སེང་བུ་ཡུག་མ་བཏང་ཟེར་ན་རས་ཆུང་ང་ལ། །
  • སྐལ་བཟང་སྒྲོལ་མ་
    ངའི་གཡུ་རལ་སྐྱོན་དང་ལ་ཆགས་པས་རས་ཆུང་། །
  • སྐལ་བཟང་སྒྲོལ་མ་
    ངའི་གཡུ་རལ་སྐྱོན་དང་ལ་ཆགས་པས་རས་ཆུང་།། །།