Skip to main content Skip to search
15 Dec 2011
3 min 13 sec
Rating
0
No votes yet
Audio Overview
Creators: 
Unknown

Description not yet available.

Show More

  • ཀོང་པོའི་དམངས་གཞས་སྒྲ་སྙན་གྱི་བཤད་པ། 
  • ཨེ་མ་ཅིག་སོའོ། སྒྲ་སྙན་གྱི་མདུན་ལ་གཟིགས། གཡས་ལ་ཨེ་མ་ཅིག་སོའོ་པད་མའི་པད་སྡོང་ཅིག་འདྲ་། གཡོན་ལ་ཨེ་མ་ཅིག་སོའོ་པད་མའི་ལའི་པད་སྡོང་ཅིག་འདྲ་། ཨ་ལ་པ་ཊ་ཧའེ།
  • ཨེ་མ་ཅིག་སོའོ། སྒྲ་སྙན་གྱི་མདུན་ལ་གཟིགས། གཡས་ལ་ཨེ་མ་ཅིག་སོའོ་པད་མའི་པད་སྡོང་ཅིག་འདྲ་། གཡོན་ལ་ཨེ་མ་ཅིག་སོའོ་པད་མའི་ལའི་པད་སྡོང་ཅིག་འདྲ་། ཧའེ་ཡ་ལགས་སེ།
  • ཨེ་མ་ཅིག་སོའོ། སྒྲ་སྙན་གྱི་རྒྱབ་ལ་གཟིགས། གཡས་ལ་ཨེ་མ་ཅིག་སོའོ་རི་ཡི་ལའི་ཁོག་པ་ཅིག་འདྲ་། གཡོན་ལ་ཨེ་མ་ཅིག་སོའོ་རི་ཡི་ལའི་སྐེད་པ་ཅིག་འདྲ་། ཨ་ལ་པ་ཊ་ཧའེ།  
  • ཨ་ཨེམ་ཅིག་སོའོ། སྒྲ་སྙན་གྱི་རྒྱབ་ལ་གཟིགས། གཡས་ལ་ཨེ་མ་ཅིག་སོའོ་རུས་པའི་ཁོག་པ་ཅིག་འདྲ་། གཡོན་ལ་ཨེ་མ་ཅིག་སོའོ་རུས་པའི་ཁོག་པ་ཅིག་འདྲ་། ཨ་ལ་པ་ཊ་ཧའེ།
  • ཨེ་མ་ཅིག་སོའོ། སྒྲ་སྙན་གྱི་མགོ་ལ་གཟིགས། གཡས་ལ་ཨེ་མ་ཅིག་སོའོ་ཁྱུང་གི་ཡའི་གཤོག་པ་ཅིག་འདྲ་། གཡོན་ལ་ཨེ་མ་ཅིག་སོའོ་ཁྱུང་གི་ཡའི་གཤོག་པ་ཅིག་འདྲ་། ཨ་ལ་ཡར་ལགས་སོ།
  • སོའོ་སྒྲ་སྙན་བཀྲ་ཤིས་རྒྱལ་པོ་ཨ་ཕ་མེད་འདུག་མ་གསུངས། ཨ་ཕ་མེད་འདུག་མ་གསུངས་ལགས། སོའོ་སྐུ་ཤྲི་བཀྲ་ཤིས་མཐོན་པོ་བཀྲ་ཤིས་རྒྱལ་པོའི་ཨ་ཕ། བཀྲ་ཤིས་རྒྱལ་པོའི་ཨ་ཕ་ལགས།
  • སོའོ་སྒྲ་སྙན་བཀྲ་ཤིས་རྒྱལ་པོ་ཨ་མ་མེད་འདུག་མ་གསུངས། ཨ་མ་མེད་འདུག་མ་གསུངས་ལགས། སོའོ་དབུ་ཞེ་བཀྲ་ཤིས་སྒྲོ་མ་བཀྲ་ཞིས་རྒྱལ་པོའི་ཨ་མ། བཀྲ་ཤིས་རྒྱལ་པོའི་ཨ་མ་ལགས། སོའོ་སྒྲ་སྙན་བཀྲ་ཤིས་རྒྱལ་པོ་བཀྲ་ཤིས་བཅས་ནས་ལོག་འགྲོ། བཀྲ་ཤིས་བཅས་ནས་ལོག་འགྲོ། བཀྲ་ཤིས་བཅས་ནས་ལོག་འགྲོ།