Skip to main content Skip to search
14 Jun 2018
13 min 38 sec
Audio Overview
Creators: 
Rinzin Dema

Dago Penjor from Wangchang narrates the Dho ritual of Namkhar, a two-day annual festival commemorating the founding of the Pajo Drukom Zhikpo’s son Nima at Dho Namkhar temple. It is mainly performed to cultivate peace and prosperity, to please the local deities, and to clear away obstacles of the community. The grand religious ceremony takes place in the temple and is sponsored by villagers.

སྤ་རོ་རྫོང་ཁག་ ཝང་ལྕང་རྒེད་འོག་ལས་ དར་མགོ་དཔལ་འབྱོར་གྱིས་ ནམ་མཁའ་གཡུས་ཚན་ནང་ ལོ་ལྟར་རྡོ་ནམ་མཁའི་དུས་སྟོན་ བརྩི་སྲུང་ཞུ་བའི་སྐོར་ལས་ བཤད་པ་རྐྱབ་ཨིནམ་ད་ ཉིན་གྲངས་གཉིས་ཀྱི་དུས་སྟོན་འདི་ཡང་ རྡོ་ནམ་མཁའི་ལྷ་ཁང་ཕྱག་བཏབ་གནང་མི་ བླམ་ཕ་ཇོ་འབྲུག་སྒོམ་བཞི་པོའི་སྲས་ ཉི་མའི་རྗེས་འདྲེན་གྱི་དོན་ལུ་ བརྩི་སྲུང་ཞུཝ་མས། དུས་སྟོན་འདི་གཙོ་བོ་ར་ མི་སྡེའི་ནང་དགའ་སྐྱིད་དང་ ཞི་བདེ་འབྱུང་ཐབས་དང་ རྐྱེན་དང་བར་ཆད་ཚུ་བསལ་ཐབས་ལུ་ གཡུས་ལྷ་ལུ་གསོལཝ་བཏབ་ཨིནམ་ད་ དུས་སྟོན་འདི་ཡང་ གཡུས་ཁའི་མི་ཚུ་གིས་རྩབོ་འབད་དེ་ འགོ་འདྲེན་འཐབ་མས།

Transcript search
No results found for this search
0 of 0
  • ཨཔ་དར་སྒོ་དཔལ་འབྱོར་
    བཀྲིས་བདེ་ལེགས་ཡོད་ལགས། ང་བཅས་ནཱ་ལས་ ད་རིས་ཁྱོད་ནཱ་བྱོན་མི་ལུ། མ་པ་ངེའི་ཁ་ཐུག་ལས་ཞུ་ནི་ཟེར་སླབ་རུང་ གནམ་མེད་ས་མེད་རྒྱས་ཞིང་རྒྱསཔ་ཅིག་ ང་གིས་ག་ནི་ཡང་ཞུ་ནི་མེད། ཏེ་ཨིན་རུང་ ཕམ་དེ་ཚུ་གི་ ཏེ་ཞལ་ལས་ཞལ་བརྒྱུད་དང་སྙན་ལས་སྙན་བརྒྱུད་ ཟེར་སླབ་དོ་བཟུམ་སྦེ་ ཕམ་དེ་ཚུ་གི་བརྒྱུད་པ་ལས་བརྟེན་ཏེ་གིས་འབད་ ཏེ་ང་བཅས་ཀྱིས་ཨ་ཙི་རེ་ཤེས་ཤེསཔ་མཐོང་མཐོངམ་འདི་ ཏེ་ན་ལུ་ཞུ་ནི་ཅིག་ཨིན།
  • ཨཔ་དར་སྒོ་དཔལ་འབྱོར་
    ད་གཙོ་བོ་འདི་ ང་བཅས་ནཱ་གི་ལྕང་གནམ་དཀར་ལུ་ གནམ་དཀར་བཟློག་ཟེར་ སླབ་དགོ་མི་འདི་ ང་བཅས་ར་གི་ནཱ་ལུ་ རྐྱེན་ངན་པ་བར་ཆད་དེ་ཚུ་ག་ར་ ཏེ་ལོ་གཅིག་གི་ནང་སྐོར་ལུ་ དེ་གིས་བཟློག་ནི་འདི་གིས་ ཏེ་ལྕང་གནམ་དཀར་བཟློག་ཟེར་སླབ་དགོ་མི་འདི་ ཁུངས་འདི་དེ་ལས་བརྟེན་ཏེ་གིས་ཨིན་མས།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་མ་པ་ནཱ་གི་ལྷ་ཁང་འདི་ ཕ་ཇོ་འགྲོ་བའི་མགོན་པོ་(ཕ་ཇོ་འབྲུག་སྒོམ་ཞིག་པོ་)གི་གདན་ས་ཨིན། ཏེ་ཕ་ཇོ་འགྲོ་བའི་མགོན་པོ་(ཕ་ཇོ་འབྲུག་སྒོམ་ཞིག་པོ་)གི་གདན་ས་འདི་ལུ་ ཏེ་ཤུལ་འཛིན་འདི་སྲས་ཉི་མ་གིས་འཛིན་ཏེ་གིས་འབད་ ཏེ་ཨ་ནཱི་ང་བཅས་རའི་སྔོན་མ་གི་ལམ་ལུགས་སྲོལ་དེ་ཚུ་ག་ར་ ཏེ་རེ་རེ་བཞིན་དུ་འབད་ རིམ་པ་བཞིན་དུ་འབད་སྟོན་གནང་མི་འདི་ལུ་ ཏེ་ང་བཅས་ཀྱི་ཁ་ཐུག་ལས་ གནམ་མེད་ས་མེད་ཁུངས་དང་དགོས་པ་ ཧེ་མ་འདི་ང་བཅས་ཀྱིས་ག་ནི་ཡང་མ་ཤེས་པས།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་མ་ཤེས་རུང་ དེའི་བརྒྱུད་པ་འདི་མ་ཉམས་པར་ ང་བཅས་ཀྱིས་ཚུལ་བཞིན་དུ་འབད་བཟུང་སྟེ་གིས་འབད་བའི་བསྒང་ལས་ ཏེ་རིམ་གྱིས་རིམ་གྱིས་འབད་ང་བཅས་ཀྱིས་ཧ་གོ་ ཏེ་དེ་ལས་ཉམས་མྱོང་ཧ་གོ་བའི་བསྒང་ལས་ ཏེ་ཐུགས་རྗེ་བྱིན་རླབས་འདི་ཚུ་ཡང་ ཏེ་ལེགས་ཤོམ་སྦེ་འཇུག་སྟེ་སྦེ་ ང་བཅས་ཀྱིས་ ཏེ་ཕྱག་ཕྱིད་ཞབས་ཏོག་ཞུ་བའི་བསྒང་ལས་ལོ་རེ་བཞིན་དུ་ལུ་ ང་བཅས་ཀྱི་ ཏེ་མི་རློབས་འདི་ཡང་ཡར་འཕེལ།
  • ཨཔ་དར་སྒོ་དཔལ་འབྱོར་
    དེ་ལས་ང་བཅས་ལུ་ ནད་ཡམས་མུ་གེ་འདི་ཚུ་ཞི་ ང་བཅས་རའི་རྒྱལ་ཁབ་ཡར་རྒྱས་འགྱོ་ མི་དབང་མངའ་བདག་རིན་པོ་ཆེ་ཡབ་སྲས་ཀྱི་སྐུ་དང་དྲི་མ་ལས་བརྟེན་ཏེ་འདི་གིས་འབད་ ང་བཅས་མི་སེར་འདི་ཚུ་ཡར་རྒྱས་འགྱོཝ་བཞིན་དུ་ ཏེ་ཆོས་འདི་ལུ་ཡང་དད་པ་ག་ཅི་དེ་ཅིག་གྱུར་ཏེ་གིས་འབད་ ཏེ་ད་ལྟོ་ནཱ་ལུ་ཡར་རྒྱས་འགྱོ་དགོ་མི་གཙོ་བོ་འདི་ ཏེ་མི་དབང་མངའ་བདག་ཡབ་སྲས་ལུ་བརྟེན་ཏེ་གིས་འབད་ཨིན་ཟེར་ ང་བཅས་ཀྱིས་ཞུ་ནི་འདི་འ་ནཱི་ཨིན།
  • ཨཔ་དར་སྒོ་དཔལ་འབྱོར་
    ད་ ད་རིས་ནཱ་ལུ་ཉིམ་གཉིས་ ང་བཅས་ཀྱི་མ་པ་ ཏེ་དངོས་འདི་ཉིམ་གཉིས་ཨིན། མ་པ་འགོ་བཙུགས་ནི་འདི་ང་བཅས་ཉེར་བདུན་ལས་འགོ་བཙུགས་དགོ་ ཟེར་ཞུ་ནི་སྦེ་ཨིན། ད་ཉེར་བདུན་ལུ་ ང་བཅས་ར་དམངས་འདི་ཚུ་ཚར་གཅིག་འཛོམས་ ཏེ་འདི་གི་འཆམ་རྐྱབ་མི་དེ་ཚུ་དང་ག་ར་འཛོམས་པའི་འཕྲོ་ལས་ འཆམ་རྐྱབ་ནིའི་འཆམ་བགོ་ དེ་ལས་ནཱ་གི་ལྷ་ཁང་ནང་གི་འབད་དགོཔ་བཅའ་དགོཔ་འདི་ཚུ་ ཉེར་བརྒྱད་གི་ཚེ་ག་ར་ཀྲིག་ཀྲི་སྦེ་ ཏེ་ཤོག་ཟེར་བརྡ་ལན་འབདཝ་ད་ཅིག་ཁར་འབད་
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་ཉེར་བདུན་གྱི་ཚེ་མར་ཆང་ཅིག་ཡང་ཕུད་གཏོར་ རྟེན་འབྲེལ་ཅིག་བརྩིས་འབད་སྦེ་ ཏེ་དེ་ལས་ཉེར་བརྒྱད་གི་ཚེ་ཕྱི་རུ་ལས་ ང་བཅས་ཀྱི་ཏེ་ནཱ་ལུ་[ཞག་ཇོ་སྲུང་མ་?]ཟེར་ ཏེ་དེ་བསྒང་ལས་ ང་བཅས་ཀྱི་མི་མཐུན་པའི་རྐྱེན་ ཏེ་ཡར་བྱང་ཕྱོགས་ལས་མར་ལུ་ ང་བཅས་ཀྱི་ནཱ་ལུ་ སངས་རྒྱས་ཀྱི་བསྟན་པ་ལུ་གནོད་པའི་དགྲ་བོ་འདི་ཚུ་གིས་ ཏེ་ང་བཅས་ནཱ་ལུ་སངས་རྒྱས་ཀྱི་བསྟན་པ་དར་མི་བཅུག་ནི་གི་ཐབས་ཤེས་ལུ་ ཁོང་གིས་གནམ་མེད་ས་མེད་ དགྲ་བྱང་ཕྱད་ ཏེ་མ་རུང་པ་གནམ་མེད་ས་མེད་འབདཝ་ལས་བརྟེན་ཏེ་གིས་འབད།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་དེ་གི་བཟློག་ཐབས་རིམ་གྲོ་འདི་ ང་བཅས་ཀྱི་ཏེ་ཕ་ཇོ་འགྲོ་བའི་མགོན་པོ་(ཕ་ཇོ་འབྲུག་སྒོམ་ཞིག་པོ་)གིས་གསུངས་ཏེ་གིས་འབད་ ང་བཅས་ཕ་ཇོ་འགྲོ་བའི་མགོན་པོ་ (ཕ་ཇོ་འབྲུག་སྒོམ་ཞིག་པོ་)གིས་ ཏེ་ཁོང་ ཏེ་ང་བཅས་ཀྱི་སངས་རྒྱས་བསྟན་པ་དར་བ་ལུ་མ་དགའ་མི་མི་འདི་ཚུ་ ཏེ་རིམ་གྱིས་འབད་ ཏེ་ཞི་བཅུག་ནི་གི་ཐབས་ཤེས་ལུ་ དེ་ལས་ང་བཅས་སངས་རྒྱས་ཀྱི་བསྟན་པ་འདི་ རིམ་པ་བཞིན་དུ་དར་ དེ་ལས་དགེ་འདུན་གྱི་སྡེ་འདི་ཚུ་ ཏེ་རིམ་པ་བཞིན་དུ་སྐྱོང་འདི་གིས་འབད་ ཏེ་བཞུགས་ནི་ཡོད་པའི་ཐུགས་སྨོན་རྒྱ་ཆེན་པོ་གནང་སྟེ་གིས་འབད་ ཏེ་ང་བཅས་ཀྱི་ནི་ནང་ལུ་ གནམ་དཀར་བཟློག་འདི་ལུ་ འཆམ་སྡེ་ལྔ་ཟེར་ཨིན།
  • ཨཔ་དར་སྒོ་དཔལ་འབྱོར་
    འཆམ་ལྔཔོ་འདི་ ཁམས་ལྔ་ཟེར་བརྩིཝ་ཨིན། ཁམས་ལྔཔོ་འདི་ལུ་ ཤར་ཕྱོགས་ཤིང་ ལྷོ་ཕྱོགས་མེ་ ནུབ་ཕྱོགས་ལྕགས་ བྱང་ཕྱྱོགས་ཆུ་ མཚམས་བཞི་ས་ཟེར་ འ་ནཱི་ཁམས་སོ་སོ་སོ་སོ་སྦེ་མ་འདྲ་མི་ཁམས་ལྔཔོ་འདི་ལུ་ ཏེ་འ་ནཱི་ལུ་ཁམས་ལྔ་ཟེར་ ཁམས་ལྔ་ལས་བརྟེན་ཏེ་གིས་ ཏེ་སྤྲུལ་པ་ ཁོ་རའི་ཐུགས་ལས་སྤྲུལ་བཀྱེས་ཏེ་གིས་སྦེ་ རེ་རེ་ལས་འཆམ་རེ་རེ་སྟོན་ཏེ་གིས་ ཏེ་ང་བཅས་རའི་མ་རུངས་པའི་དགྲ་བྱང་ཕྱད་ཚུ་བཏུལ་ནིའི་དོན་དག་ལུ་ ཏེ་ཁམས་ལྔཔོ་འདི་སྟོན།
  • ཨཔ་དར་སྒོ་དཔལ་འབྱོར་
    ད་ཁམས་ལྔཔ་ོའདི་གི་རྒྱབ་བསྣན་འདི་ ང་བཅས་ཀྱི་ཆོས་སྲུང་བཀའ་སྲུང་ ཏེ་དཔལ་ལྡན་ལྷམོ་ དམ་ཅན་རྒྱ་མཚོ་ ཏེ་ཡེ་ཤེས་རྒྱ་མཚོ་ འ་ནཱི་འདི་ཚུ་ ཏེ་ཁོང་གསུམ་འདི་ ཏེ་རྒྱབ་སྐྱོར་སྦེ་ཞུ་འབད་སྦེ་ ཏེ་ན་ལས་ཡར་ལུ་ང་བཅས་ཉེར་དགུ་གི་ཚེ་འདི་ ཏེ་དུས་ཚོད་ཉིན་ཚད་བཀག་སྟེ་གིས་སྦེ་ གཏོརམ་འདི་ཚུ་ནང་ལུ་ [དུག་?] གྱི་ མདའ་ གཞུ་ དེ་ལས་འདི་ནང་ལུ་ ཏེ་ཟས་སྦྱོར་དེ་ཚུ་ཆ་མཉམ་ཚངམ་སྦེ་ ད་ད་རིས་འབད་བ་ཅིན་ ཏེ་ང་བཅས་ཀྱིས་བམ་བསྐྱུར་དོ་བཟུམ་ཅིག་གི་ ཏེ་ཁྱད་པར་ཨིན་མས།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་འ་ནཱི་གཏོར་མ་འདི་ང་བཅས་ཀྱིས་ཉེར་བརྒྱད་ཀྱི་ཚེ་ཕྱི་རུ་ལས་ཏེ་བསྒྲུབས་ མ་པ་ངོ་མ་འདི་ཟླཝ་བཅུ་པའི་ཚེས་བཅོ་ལྔ་ལས་འགོ་བཙུགས་ཏེ་གིས་ ཏེ་བསྒྲུབས་ཏེ་གིས་སྦེ་ཉེ་རི་བརྒྱད་ཀྱི་ཚུན་ཚོད་ལུ་ ཕ་ཇོ་ཁོ་ར་གིས་ཐུགས་དམ་གནང་སྟེ་གིས་སྦེ་ གྲུབ་འབྲས་འཐོན་ཏེ་གིས་སྦེ་ ང་བཅས་ཀྱིས་ ཏེ་ཉེར་བརྒྱད་ཀྱི་ཚེ་ཕྱི་རུ་ལས་ཉེར་དགུ་གི་དྲོ་པ་གཏོརམ་འཕང་རན་རནམ་པའི་བར་ན་སྐོར་ལུ་ ཏེ་བསྒྲུབ་བྱ་དེ་ཚུ་ག་ར་བསྒྲུབས་པའི་འཕྲོ་ལས་ ཏེ་དེ་ལས་དྲོ་པ་གི་ཆུ་ཚོད་ཉིད་ཚོད་དང་འཁྲིལ་ཏེ་ ཏེ་ནཱ་ལས་འཐོན།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་ནཱ་ལས་ཕར་འབད་ ཏེ་ཡར་ཁ་ཡར་བྱང་ལུ་བསྒོར་ཏེ་གིས་སྦེ་ བྱང་ལས་མར་གྱི་ ཏེ་མ་རུངས་པ་དེ་ཚུ་ དགྲ་བོ་དེ་ཚུ་ ང་བཅས་ལུ་ངལ་མ་རང་མི་དེ་ཚུ་ ཏེ་སངས་རྒྱས་ཀྱི་བསྟན་པ་བཙུགས་ནི་ཨིན་པས་ ཏེ་མར་ལུ་འབྲུག་རྒྱལ་ཁབ་དེ་ནང་ལུ་ ཏེ་དགའ་ཏོག་ཏོ་སྐྱིད་ཏོང་ཏོང་བྱུང་མི་བཅུག་ནི་གི་ ཏེ་ཐབས་ཤེས་བསྒྲིག་ནི་ཨིན་ཟེར་ ཁོང་ཡར་ལས་མར་ལུ་འ་ནཱི་སྦེ་བསམ་པ་ངན་པ་བསྐྱེད་དེ་འོང་མི་དེ་ཚུ་ ང་བཅས་ཀྱིས་ཏེ་རེ་རེ་བཞིན་དུ་འབད་ནཱ་ལས་ཡར་ལུ་སྨོན་ལམ་བཏབ་སྟེ་གིས་ ཕ་ཇོ་འགྲོ་བའི་མགོན་པོ་(ཕ་ཇོ་འབྲུག་སྒོམ་ཞིག་པོ་)ཁོ་ར་གི་ཐུགས་སྨོན་ག་ཨིནམ་སྦེ་ ཏེ་ང་བཅས་ཀྱིས་འབད་བའི་འཕྲོ་ལས་ ཏེ་འདི་ནང་ལུ་གཏོརམ་དེ་ཚུ་རེ་རེ་བཞིན་དུ་ཏེ་འཕངས།
  • ཨཔ་དར་སྒོ་དཔལ་འབྱོར་
    ད་ཕར་འཐོན་ཏེ་གིས་སྦེ་ ཕར་ལས་གཏོརམ་འཕངས་པའི་བསྒང་ལས་ ཏེ་ང་བཅས་ཀྱིས་སྨོན་ལམ་རྒྱ་ཆེན་པོ་བཏབ་ སྨོན་ལམ་དང་བཅསཔ་སྦེ་ཐུགས་སྨོན་གནང་སྟེ་ ནཱ་ལས་ཡར་གསེར་སྐྱེམས་ བསང་དེ་ཚུ་བཏང་སྟེ་གིས་སྦེ་ ཏེ་ཡར་ལུ་དགྲ་བྱང་ཕྱད་དེ་ཚུ་ ཏེ་ཁོང་མནོ་བསམ་བཏང་རང་མ་ཚུགསཔ་སྦེ་ ཏེ་ང་བཅས་ཀྱིས་ནཱ་ལས་ཡར་གཏོར་མ་འདི་གིས་ཆ་མཉམ་ ཏེ་ཐལ་བ་བརླག་སྟེ་གིས་སྦེ་འགྱོ་དོ་ཡོདཔ་ཨིན་མས།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་འ་ནཱི་འབད་ནི་འདི་གིས་ ཏེ་ང་བཅས་ཀྱི་གཏོརམ་འདི་ང་བཅས་ཀྱིས་ཕར་ལས་འཕངས་ ཏེ་དེ་ལས་ཕར་ལས་ གཏོར་མ་འཕངས་ཚར་བའི་འཕྲོ་ལས་ཕར་ལས་གྱི་འཆམ་རྐྱབ་དགོ་མི་འདི་ ཏེ་དེ་ལས་ད་གཏོརམ་འདི་ཡར་ལུ་ [དངོས་དངོས་?]འབད་འཕངས་ཚར་ཡི་ ད་ཡར་གྱི་དགྲ་ཕྱངམ་འཕྱད་འདི་ཚུ་བཏུལ་ཚར་ཡི་ ད་དེ་འབད་ནི་དེ་གིས་ ང་བཅས་ཀྱིས་ད་འབདན་ དགའ་བའི་དགའ་སྤྲོ་དང་ ཏེ་སྐྱིད་པའི་སྐྱིད་གླུ་ཅིག་ལེན་ནི་ཨིན་ཟེར་ཏེ་དེ་ལས་འཆམ་རྐྱབ་ ཏེ་ང་བཅས་ཀྱིས་བྱང་ཕྱད་དེ་ཚུ་འ་ནཱི་སྦེ་བཏུལ་ཚར་ཡི་ ཟེར་བའི་རྟགས་ཨིན་ ཕར་འཆམ་རྐྱབ་དགོ་མི་འདི།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་དེ་ལས་གྱི་དེ་ཚུ་ལྕེ་བལྡག་སྟེ་འོང་མི་འདི་ ཡར་གྱི་དགྲ་བྱང་ཕྱད་ཆ་མཉམ་དེ་ཚུ་བསྒྲལ་ བསད་དེ་གིས་སྦེ་ ཏེ་གྱི་དེ་ཚུ་ཚར་ཅིག་གུ་ཁྲག་གིས་བཤལ་ཏེ་གིས་སྦེ་ ཏེ་ཁྲག་འདི་ང་བཅས་ཀྱིས་འ་ནཱི་སྦེ་ལྕེ་གིས་བལྡགཔ་ཨིན་ཟེར་བའི་རྟགས་དང་མཚནམ་སྟོན་ཏེ་གིས་སྦེ་ ཏེ་འ་ནཱ་ལས་ཏེ་ང་བཅས་ཕར་ལས་ཚུར་འབད་ ཏེ་ལེགས་སོ་བསྐུལ་ཏེ་སྦེ་ ཏེ་ལེགས་སོ་བསྐུལ་དགོ་མི་འདི་ ཁྱེད་ཆ་ཁྱབ་ཡར་ལུ་བཏང་ནི་གི་ ཏེ་གོ་ཆོད་ཅི་ ཁྱེད་ཀྱིས་ཚགས་ཁར་ཚུད་ཅི།
  • ཨཔ་དར་སྒོ་དཔལ་འབྱོར་
    ཁྱེད་ཀྱིས་ཁུངས་བཀལ་ཚུགསཔ་ཅི་ ཡར་གྱི་དགྲ་བྱང་ཕྱད་དེ་ཚུ་བཏུལ་ཚུགསཔ་ཅི་ ཡར་གྱི་དེ་ཚུ་ཐལ་བར་བརླག་ཚུགསཔ་ཅི་ ད་དེ་ཅིག་རང་ཨིན་ ད་འབདན་ང་བཅས་ར་དགའ་ཞིང་སྐྱིད་ ཏེ་སྤྲོ་བའི་ངང་ལས་སྦེ་ ཏེ་ང་བཅས་ནཱ་ལོག་ཅི་ཟེར་བའི་བསྒང་ལས་ ཏེ་འ་ནཱི་ལེགས་སོ་འཐེན་ཏེ་གིས་སྦེ་ ཏེ་ཁྱེད་ད་རེས་ཡར་ལུ་བྱོན་ཏེ་གིས་སྦེ་ ཏེ་གནམ་མེད་ས་མེད་ལེགས་ཤོམ་སོང་ཡི། ཁྱེད་ད་རེས་ཡར་ལུ་གནམ་མེད་ས་མེད་རྩ་འགེངས་ཏེ་གིས་སྦེ་ ཏེ་གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི་ ལེགས་སོ་ཟེར།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་འ་ནཱ་ལས་ནཱ་བྱོན་འབད་བའི་འཕྲོ་ལས་ ཏེ་དེ་ལས་ནཱ་ལུ་དབང་འདི་འགོ་བཙུགསཔ་ཨིན་ ད་དབང་འདི་འགོ་བཙུགས་པའི་འཕྲོ་ལས་ང་བཅས་དབང་འདི་ ང་བཅས་ཕ་ཇོ་འགྲོ་བའི་མགོན་པོ་(ཕ་ཇོ་འབྲུག་སྒོམ་ཞིག་པོ་)ལུ་ ཏེ་ནང་པ་གི་བསྟན་པ་དེ་ལུ་ མེད་མི་མེདན་མ་ཤེས་ ཡོད་ཚད་གངམ་འདི་ ཏེ་དབང་གནང་པའི་འཕྲོ་ལས་ དབང་ལུ་འདུ་སྟེ་གིས་སྦེ་ ཏེ་ང་ཕ་ཇོ་གི་འོག་ལུ་མེན་ ང་ནང་པའི་ཆོས་མི་འབད་ཟེར་སླབ་མི་རྩ་ལས་རང་མ་ཐོན་པ་ ཏེ་འ་ནཱི་སྦེ་ང་བཅས་ལུ་ ཏེ་དབང་གནང་དགོ་པའི་ཁུངས་དང་དགོས་པ་འདི་འ་ནཱི་ཨིན།
  • ཨཔ་དར་སྒོ་དཔལ་འབྱོར་
    དེ་ལས་དེ་དང་བསྟུན་པའི་འཕྲོ་ལས་ དབང་འདི་ཞུ་ཚར་བའི་ཤུལ་མ་ལས་ ང་བཅས་ཀྱི་ ཏེ་ནཱ་གི་ཤ་ཚ་ཏོམ་ ཁྲག་གི་རྒྱུད་པ་བཞེས་མི་ ཕར་གཞན་ཁ་ལས་ཕར་ཡར་སོ་མི་དེ་ཚུ་ག་ར་ ལོ་ཅིག་གི་ནང་སྐོར་ལུ་ནཱ་ལུ་འཛོམས་ ཏེ་དེ་ལས་སྤུན་སྤུན་ཆ་དེ་ཚུ་ཕྱད་ ཏེ་དེ་ལས་ལོ་མོའི་ལོ་འཁོར་བཅུ་གཉིས་ ཞག་ཁལ་ཕྱེད་ད་བཅོ་བརྒྱད་ཀྱི་བར་ན་སྐོར་ལུ་ ཏེ་དེ་ལས་དགའ་ཞིང་སྐྱིད་པའི་ངང་ལས་འབད་ ཏེ་དེ་ལས་སྤུན་ཆ་དེ་ཚུ་ ཕམ་དེ་ཚུ་ག་ར་ཕྱད་དེ་གིས་ ཏེ་དེ་ལས་འ་ནཱ་ལས་
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་ང་བཅས་ར་ནཱ་ལུ་ལྷ་ཁང་ནང་ལུ་ ཏེ་འཛུལ་འཆམ་ཆོས་སྐྱོང་སྲུངམ་འདི་ཡར་འཛུལ་ འཆམ་དེ་ཚུ་ཡང་ཡར་འཛུལ་སྦེ་ འབད་ཚར་ཞིནམ་ལས་ ཏེ་དེ་ལས་ཨ་ཕི་ནང་ལུ་སྤང་ཅུང་ཁ་ལུ་བོད་འཆམ་ཟེར་ཅིག་ཡོད། ཏེ་བོད་འཆམ་འདི་ ང་བཅས་ར་གི་ ཏེ་ཕྱི་བལྟ་བ་ཅིན་ཏེ་ ནི་ཡང་གནམ་མེད་ས་མེད་ཁུངས་ཅིག་ག་ནི་ཡང་མེད་ ནང་ལུ་བལྟ་བ་ཅིན་ ཏེ་ང་བཅས་ཀྱི་བྱག་འོག་གནསཔ་འདི་ ཏེ་དངོས་སུ་སྦེ་བྱོན་ཏེ་གིས་སྦེ་ ཁོ་ཡང་ཏེ་ཐུགས་མཉེས་པའི་ཚུལ་འབད་ འཆམ་རྐྱབ་ཨིན་ཟེར།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་དེ་ལས་ཁོ་རའི་འཁོར་དེ་ཚུ་ ཏེ་དེ་ལས་གཤན་པ་དམར་ནག་ གྲི་ཐོགས་ འ་ནཱི་དེ་ཚུ་ཡང་ཆ་མཉམ་གཅིག་ཁར་འབད་རྐྱབ་ད་ ཏེ་འ་ནཱི་གིས་ ཏེ་གྲལ་ཁར་སྦེ་ ཏེ་ང་བཅས་ཀྱི་བོད་འཆམ་ཟེར་བཙུགས་ཏེ་གིས་སྦེ་ ཏེ་འ་ནཱི་སྦེ་ཨིན། ཏེ་འདི་གི་ཤུལ་ལས་ ཏེ་ཕོ་ལེགས་མེ་ལེགས་ཟེར་འཐོན་ནི་ཡོད་ ཏེ་ཕོ་ལེགས་མོ་ལེགས་འདི་ ཏེ་རོགས་ཧེ་མ་གི་འབད་བ་ཅིན་ ལ་ལུ་གིས་སླབ་མས་ བྱང་ཕྱོགས་ཀྱི་རྒྱལ་པོ་ ཏེ་ཆོས་རྒྱལ་ནོར་བཟང་ལས་དཔེ་བལྟ་སྟེ་གིས་ཨིན་ཟེར།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་དེ་སྦེ་མེན་པ་ཞིན་ན་ ང་བཅས་ཀྱི་ཕ་ཇོ་འགྲོ་བའི་མགོན་པོ་(ཕ་ཇོ་འབྲུག་སྒོམ་ཞིག་པོ་)དང་ཝང་བཟངམོ་བསོད་ནམས་དཔལ་སྒྲོན་གཉིས་པོ་འདི་ ཏེ་ཁོང་གཉིས་ཐ་ན་ལུ་ ང་བཅས་ཀྱི་ལྷོ་ཁྲིམས་མེད་ལུ་ཁྲིམས་དང་ རྫ་ལུང་མེད་ལུ་ལུང་སྦེ་ཡོད་ནི་འདི་གིས་ ཏེ་ཁོང་གཉིས་ཆ་སྟེ་ མིག་ཏོ་བལྟ་སའི་ བགོ་ལ་གྱོན་ཐངས་ ལམ་འགྱོ་ཐངས་ བཞེས་སྒོ་ཟ་ཐངས་ ཆོས་འབད་ཐངས་ འ་ནཱི་དེ་ཚུ་སྔོན་མ་གི་ལམ་ལུགས་སྲོལ་དེ་ཚུ་ ཉམས་མི་བཅུག་ནི་གི་དོན་དག་ལུ་ ཏེ་ཁོང་གཉིས་ཀྱིས་ ཏེ་རོགས་ཝང་བཟངམ་བསོད་ནམས་དཔལ་སྒྲོན་གྱིས་ ཨམ་སྲུ་གི་ཆས་འདི་ལུ་འབད།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་ནཱ་ལུ་མོ་ལེགས་ཟེར་ ཏེ་མ་ལེགས་ཟེར་མི་འདི་ ཨམ་སྲུ་ལེགས་ཤོམ་འདི་ ཨམ་སྲུ་གི་སྦུག་ལས་ཨམ་སྲུ་དྲག་ཤོས་འཇའ་རིསམོ་འདི་ལུ་ ཏེ་དཔེ་བླངས་ཏེ་གིས་སྦེ་ བགོ་ལ་ཅིག་གྱོན་རུང་ ང་བཅས་ཀྱིས་མིག་ཏོ་འདི་ཁོང་ལུ་བལྟ་གྱོན་ ཏེ་དེ་ལས་ལམ་འགྱོ་ཐངས་ལས་འབད་རུང་མིག་ཏོ་འདི་ཁོང་ལུ་བལྟ་དགོཔ་ཅིག་འབད་ དེ་ལས་ཕ་ཇོ་འགྱོ་བའི་མགོན་པོ་(ཕ་ཇོ་འབྲུག་སྒོམ་ཞིག་པོ་)འདི་ ཏེ་ཁོ་རྟོགས་ལྡན་འབད་བྱོན་པའི་ཚུལ་ཨིན་མས་ ཁོ་གི་ན་བཟའ་འདི་ཁ་དམར་ཨིན།
  • ཨཔ་དར་སྒོ་དཔལ་འབྱོར་
    ཁ་དམར་འདི་ ཏེ་ང་བཅས་ར་རྟོགས་ལྡན་མ་གཏོགས་ཅིགཔོ་གཞན་གིས་མི་བཞེས། ཏེ་དེ་འབདཝ་ལས་བརྟེན་ཏེ་གིས་ཁོ་གིས་ ཏེ་དཔའ་རྟགས་འདི་ཚུ་བཞེས་ ཕྱག་ཤན་ དེ་ལས་ཁ་དམར་འདི་བཞེས་འབད་བའི་བསྒང་ལས་ ཏེ་བགོ་དེ་ཚུ་ཡང་མ་བཏུབ་བཏུབ་སྦེ་ བཟོ་བཟོ་བའི་བསྒང་ལས་ ཨའོ་་་ ཏེ་ང་བཅས་ར་གཡུས་གཞན་ཁ་ལས་ཕར་འགྱོ་རུང་ ད་རིས་འབདན་ ཏེ་ལྕང་གནམ་དཀར་གྱི་ཕོ་ལེགས་བཟུམ་བཟོ་ཆི་ནུག་མ་རེད་ཟེར་ ཏེ་དཔེ་བལྟ་སུ་བཟུམ་ཅིག་སྦེ་ ཏེ་འ་ནཱི་སྦེ་ ཏེ་སྟོན་གནང་ནུག
  • ཨཔ་དར་སྒོ་དཔལ་འབྱོར་
    འདི་ལུ་ཏེ་ང་བཅས་ར་གི་ཕ་ཇོ་འགྲོ་བའི་མགོན་པོ་(ཕ་ཇོ་འབྲུག་སྒོམ་ཞིག་པོ་)གིས་ ཏེ་གནམ་མེད་ས་མེད་བཀའ་དྲིན་ཆེན་པོ་ ཏེ་ཐུགས་རྗེ་བྱིན་རླབས་འཇུག་སྟེ་གིས་སྦེ་ ཕྱི་ལྟར་ཏུ་དེ་སྦེ་ཨིན། ནང་ན་ལུ་འབད་བ་ཅིན་ད་རུང་ ང་བཅས་ར་གི་ཕོ་ལེགས་འདི་ ཏེ་ང་བཅས་ནཱ་གི་གནས་བདག་གཞི་བདག་ སྒང་བཙན་དབང་གྲགས་པདྨ་ཟེར་མི་འདི་ཨིན་ཟེར་ དེ་སྦེ་ཞུཝ་ཨིན། ཏེ་དེ་ལས་ཨམ་སྲུ་འདི་ ཨ་ནཱ་འོག་ཐོག་ལུ་མཚོ་སྨན་སྦེ་ཡོད་ མཚོ་སྨན་གཡུ་རུ་རྒྱལ་མོ་ཟེར་ ཏེ་འ་ནཱི་ལུ་དཔེ་བླངས་ཏེ་གིས་སྦེ་ ཏེ་སྟོནམ་ཨིན་ཟེར་ ཏེ་འ་ནཱི་སྦེ་ཨིན།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་དེ་ལས་ དེ་དང་གཅིག་ཁར་འབད་ ང་བཅས་ཀྱི་ཨ་ཙ་ར་འདི་ ཨ་ཙ་ར་དཀརཔོ་ཟེར་ ཏེ་ནི་ཨ་ཙ་ར་དཀརཔོ་འདི་ཡང་ ཏེ་མ་པ་ཁོ་ནཱ་ང་བཅས་སྒང་བཙན་དབང་དྲག་པདྨ་གི་སྤྲུལ་པ་ཨིན་ཟེར་ ཁོ་གིས་ཏེ་མི་ཚུ་དགའ་བཅུག་ མི་དེ་ཚུ་ལུ་ཏེ་དགའ་ཞིང་སྤྲོ་བའི་ངང་ལས་འབད་ ཏེ་མི་ཆོས་གཙང་མ་བཅུ་དྲུག་དེ་ལུ་ འཁོར་བཅུག་ནི་གི་དོན་དག་ལུ་ ཁོ་གིས་ཏེ་ལ་ལུ་ཅིག་དགའ་ ལ་ལུ་ཅིག་ལུ་ ཏེ་རྩུབ་ཀྲག་འབད་སླབ་སྦེ་འབད་དགོ་མི་འདི་ ཏེ་ལ་ལུ་ཅིག་མ་ཤེས་པ་འབད་ ཏེ་ང་བཅས་ཀྱིས་ཆོས་ཀྱི་ཁྲིམས་ལས་འགལ་ཏེ་འགྱོ་དོ་ཡོདཔ་མས།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་ནི་འགལ་མི་བཅུག་ནི་གི་དོན་དག་ལུ་ ཏེ་ལ་ལུ་ཅིག་ཤེས་བཞིན་མཐོང་བཞིན་སྤའོ་་་་ ཨིན་མས་ ཏེ་རོགས་ཁོ་གི་འདི་ག་ཅི་འདེ་ཅིག་ ཏེ་ཁོ་ཨ་ཙ་ར་གི་སྤྱོད་པ་འབད་རུང་ ཁོ་གིས་ལེགས་ཤོམ་ཅིག་སྦེ་མཛད་ནི་འདུག་ཟེར་ འདི་བཟུམ་སྦེ་ ཏེ་ང་བཅས་ཨ་ཙ་ར་སྟོན་དགོ་མི་འདི་ མ་པ་ཁོ་གི་ ཨ་ཙ་ར་གི་ཕྱག་མཚན་འདི་ བོན་པོ་གི་ ཏེ་གཤང་དཀྲོགས་ཏེ་གིས་སྦེ་ བོན་པོ་གི་ལུགས་ལས་འབད་ཨིན། ཨ་ཙ་ར་འདི་ བོན་ལུགས་འབད། ཏེ་ང་བཅས་ཀྱི་ནང་པ་གི་བསྟན་པ་ལུ་ཡང་ཐོ་མེད། ཏེ་ཁོ་ བོན་པོ་གི་ལུགས་སྲོལ་འབད་རྐྱབ་པའི་ཕྲོ་ལས་ ང་བཅས་ཀྱི་ཏེ་ལུགས་སྲོལ་འདི་ལུ་ཕན་ཐོགས་པའི་ཚུལ་དུ་འབད་ ཏེ་ནེ་སྦེ་བརྩམས་བརྩམས་ཨིན་པས་ ང་བཅས་ར།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་དེ་ལས་ད་ འདི་ལུ་ང་བཅས་ར་གནམ་དཀར་པའི་ ཏེ་རྩ་བོ་བརྒྱད་ཡོད། རྩ་བོ་བརྒྱད་ཀྱིས་མི་དོ་ གནམ་དཀརཔ་ནི་ནང་ལུ་ ང་བཅས་གནམ་མེད་ས་མེད་བུ་ཚུ་དར་ཞིང་རྒྱས་ཏེ་གིས་ ཏེ་རྩ་བོ་ལེ་ཤ་སྦེ་འཐོན་ཏེ་ཡར་སོ་ཡི། ད་དེ་ཚུ་ལོ་གཅིག་ལོ་གཅིག་ལུ་ ལོ་ཕྱུགས་རྟག་ཏུ་ལེགས། ཆར་ཆུ་དུས་ལུ་འབབ། མི་ནད་དང་ཕྱུགས་ནད་འཁྲུགས་རྩོད་ལ་སོགས་པ་རྒྱུན་ཆད།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་དེ་ལས་ང་བཅས་ར་གི་ དགའ་ཞིང་སྤྲོ་སྐྱིད་ཟེར་ཏེ་གིས་སྦེ་ ཏེ་ཞབས་ཁྲ་བརྩམས་ དེ་ལས་ཞབས་ཁྲ་རྐྱབ་ ཏེ་དེ་ལས་ང་བཅས་ནཱ་ལུ་མར་ཆང་ཕུད་གཏོར་ དེ་ལས་ཕྱི་རུ་ཚེ་ཁུག་གི་ཇ་ཟེར་ ལོ་བརྒྱ་ཐུབ་སྟོན་བརྒྱ་མཐོང་ཟེར་ ཚེ་རིང་དགོ་པ་ཟེར་ ཚེ་ཁུག་གི་ཇ་བཏབ་འབད་སྦེ་ ཏེ་ལེགས་པས་བསྒོར་འབད་སྦེ་ ཏེ་བཀྲིས་སྨོན་ལམ་དེ་སྦེ་ཞུཝ་ཨིན།
  • ཨཔ་དར་སྒོ་དཔལ་འབྱོར་
    ཏེ་ལགས་སོ་ བཀའ་དྲིན་ཆེ། ང་ལས་ཞུ་ནི་ཟེར་སླབ་རུང་ གནམ་མེད་ས་མེད་ཅིག་ག་ནི་ཡང་མེད།། །།