Skip to main content Skip to search
15 Dec 2011
1 min 50 sec
Rating
0
No votes yet
Audio Overview
Creators: 
Unknown

Description not yet available.

Show More

  • བཞུགས་པ་ལ་ནི་ཕེབས་པ་འདྲ་སོང་། བཞུགས་ལ་ནི་དགུང་བསངས་མཐོན་པོ། མགྲོན་་པོ་འདི་ལས་མཛེས་འདྲ། མགྲོན་པོ་ལ་ནི་ཁྲི་གདུགས་ཀྱི་ཉི་མ། ཁྲི་གདུགས་ལུང་ལ་ཕེབས་ཤིང་ཕེབས། མི་དཀྱིལ་བསོད་ནམས་ལོག་འགྲོ། 
  • བཀྲ་ལ་ཤིས་ལུང་པའི་ཕུ་ལ། དར་དཀར་པོ་ལུང་གི་རྒྱན་ཆ། དར་དཀར་པོ་ལུང་གི་རྒྱན་ཆ། དར་དཀར་པོ་རང་ད་མེད་པའི། ཐང་དཀར་རྒོད་པོ་འདྲ་ཅིག་ཡོའོ་རེད། ཐང་དཀར་རྒོད་པོ་འདྲ་ཅིག་ཡོའོ་རེད། 
  • བཀྲ་ལ་ཤིས་ལུང་པའི་བར་ལ། དར་སྔོན་པོ་ལུང་གི་རྒྱན་ཆ། དར་སྔོན་པོ་ལུང་གི་རྒྱན་ཆ། དར་སྔོན་པོ་རང་ད་མེད་པའི། ཁུ་བྱུག་སྔོན་པོ་འདྲ་ཅིག་ཡོའོ་རེད། ཁུ་བྱུག་སྔོན་པོ་འདྲ་ཅིག་ཡོའོ་རེད།
  • བཀྲ་ཤིས་ལུང་པའི་མདའ་ལ། དར་སེར་པོ་ལུང་གི་རྒྱན་ཆ། དར་སེར་པོ་ལུང་གི་རྒྱན་ཆ། དར་སེར་ལ་པོ་རང་ད་མེད་པའི། སེར་བྱ་ངང་པ་འདྲ་བྱུང་ཡོའོ་རེད། སེར་བྱ་ངང་པ་འདྲ་བྱུང་ཡོའོ་རེད།