Skip to main content Skip to search
15 Dec 2011
4 min 12 sec
Audio Overview
Creators: 
Unknown

Description not yet available.

Transcript search
No results found for this search
0 of 0
  • འུ་ཅག་ལུང་པའི་ཕུ་ལ་ཅིག་དང་སོའོ། ཨ་ཉི་མ་གཅིག་དང་ཤར་བ་སོའོ། ཨ་ཉི་མ་ཤར་གྲབས་ཡོའོ། བྱུང་ན་སྐྱིད་པའི་ཉི་མ་ཤར་ལ་བྱུང་། ཨ་ཡང་བསྐྱར་ཤར་རབས་ཡོའོ། བྱུང་ན་སྐྱིད་པའི་ཉི་མ་ཤར་རེ་བྱུང་།
    'u cag lung pa'i phu la cig dang so'o/_a nyi ma gcig dang shar ba so'o/_a nyi ma shar grabs yo'o/_byung na skyid pa'i nyi ma shar la byung /_a yang bskyar shar rabs yo'o/_byung na skyid pa'i nyi ma shar re byung /
  • འུ་ཅག་ལུང་པའི་ཕུ་ལ་ཅིག་དང་སོའོ། ང་དང་རྒྱ་ཚེའི་སྒང་ལ་ཤར་ལ་བྱུང་། ང་དར་བསྐྱར་ཤར་ར་ཡ། བྱུང་ན་གྱེས་འདུའི་རྩེད་རོགས་བཅུའི་ལྔ་དང་རེ། ང་དར་སྐྱ་ཤར་ར་ཡ། ཨ་ཚེའུ་ང་སྐྱིད་པའི་རྩེད་རོགས་བཅོ་ལྔ་དང་རེད།
    'u cag lung pa'i phu la cig dang so'o/_nga dang rgya tshe'i sgang la shar la byung /_nga dar bskyar shar ra ya/_byung na gyes 'du'i rtsed rogs bcu'i lnga dang re/_nga dar skya shar ra ya/_a tshe'u nga skyid pa'i rtsed rogs bco lnga dang red/
  • འུ་ཅག་ལུང་པའི་ཕུ་ལ་ཅིག་དང་སོའོ། དགོན་པ་བརྒྱ་དང་བརྒྱད་ལགས་དང་ཡོད། དགོན་པ་བརྒྱ་ཡི་དཀྱིལ་ནས།  ངའི་ལག་ཆུང་དགོན་པ་སྤངས་དཀྱིལ་རི་སྒང་བཞངས།༼བཞེངས།༽ ཨོའོ། གཅིག་གཉིས་གསུམ། བཞི་ལྔ་དྲུག། ང་གཞན་ཡུལ་ལུང་པར་སོང་། ཉི་མ་ལོ་ལས་རིང་།
    'u cag lung pa'i phu la cig dang so'o/_dgon pa brgya dang brgyad lags dang yod/_dgon pa brgya yi dkyil nas/__nga'i lag chung dgon pa spangs dkyil ri sgang bzhangs/(bzhengs/)_o'o/_gcig gnyis gsum/_bzhi lnga drug/_nga gzhan yul lung par song /_nyi ma lo las ring /
  • འུ་ཅག་ལུང་པའི་ཕུ་ལ་ཅིག་དང་སོའོ། ཨ་མཆོད་རྟེན་བརྒྱ་དང་བརྒྱད་ལ་བཏབ་ཡོད། ཨ་མཆོད་རྟེན་བརྒྱ་ཡི་དཀྱིལ། ནས་ཨོམ་སྭ་མ་ཎི་པདྨི་དང་ཧུཨོམ། ཨ་མཆོད་རྟེན་བརྒྱ་ཡི་དཀྱིལ། ནས་ཨོམ་སྭ་མ་ཎི་པདྨི་ཧུཨོམ།
    'u cag lung pa'i phu la cig dang so'o/_a mchod rten brgya dang brgyad la btab yod/_a mchod rten brgya yi dkyil/_nas om swa ma Ni pd+mI dang huom/_a mchod rten brgya yi dkyil/_nas om swa ma Ni pd+mi hu`/
  • འུ་ཅག་ལུང་པའི་ཕུ་ལ་ཅིག་དང་སོའོ། ཨ་གཟིམ་ཆུང་བརྒྱ་དང་བརྒྱད་ལ་བཏབ་ཡོད། ཨ་གཟིམ་ཆུང་ཨ་ཅེས་སྒོར་མོ་བརྒྱ་གཏང་ཡོད་ཀྱི་སྒེའུ་ཁུང་གང་རེད་འདུག། ཨ་གླིང་ལ་གེ་སར་རྒྱལ་པོ་ལགས་སྲིད་འཁྲིའི་སྒང་ལ་བཞུགས་ཡོད། གཡས་ལ་ཤིན་ཅང་འབྲུག་མོ་༼སེང་ལྕམ་འབྲུག་མོ་༽ལགས་གཡུ་ཁྲིའི་སྒང་ལ་ལ་བཞུགས་ཡོད། 
    'u cag lung pa'i phu la cig dang so'o/_a gzim chung brgya dang brgyad la btab yod/_a gzim chung a ces sgor mo brgya gtang yod kyi sge'u khung gang red 'dug/_a gling la ge sar rgyal po lags srid 'khri'i sgang la bzhugs yod/_g.yas la shin cang 'brug mo (seng lcam 'brug mo )lags g.yu khri'i sgang la la bzhugs yod/_