Skip to main content Skip to search
15 Dec 2011
3 min 7 sec
Audio Overview
Creators: 
Unknown

Description not yet available.

Transcript search
No results found for this search
0 of 0
  • རི་མགོ་ལ་མཐོ་པོའི་རྩེ་ལ་ཨ་མ་འཚོལ་བ་ལ་ཕྱིན་པས། ཨ་མ་ལ་བརྙེད་རྒྱུ་མེད་པར་ས་ཆ་སྨུག་པས་སྒྲིབ་སོང་། ཨ་མ་བརྙེད་རྒྱུ་མེད་པར་ས་ཆ་སྨུག་པས་སྒྲིབ་སོང་། དེ་འདྲའི་སེམས་པའི་སྐྱོ་བ་ལ། ཨ་མ་བརྙེད་རྒྱུ་མེད་པར་གངས་ཆར་རླུང་པོས་སྒྲིབ་སོང་། དེ་འདྲའི་སེམས་པའི་སྐྱོ་བ་ལགས།
    ri mgo la mtho po'i rtse la a ma 'tshol ba la phyin pas/_a ma la brnyed rgyu med par sa cha smug pas sgrib song /_a ma brnyed rgyu med par sa cha smug pas sgrib song /_de 'dra'i sems pa'i skyo ba la/_a ma brnyed rgyu med par gangs char rlung pos sgrib song /_de 'dra'i sems pa'i skyo ba lags/
  • ཨ་མ་ལགས་དྲན་རང་དྲགས་ནས་བྲག་ལ་ཀི་ཤེད་རྒྱབ་ཡོད། བྲག་རི་ལ་ས་རྡོ་ཡིན་ཟེར་ཀི་ལ་ཀི་ལན་སློག་བྱུང་། བྲག་རི་ས་རྡོ་ཡིན་ཟེར་ཀི་ལ་ཀི་ལན་སློག་བྱུང་། དེ་འདྲའི་སེམས་པའི་སྐྱོ་བ་ལགས།
    a ma lags dran rang drags nas brag la ki shed rgyab yod/_brag ri la sa rdo yin zer ki la ki lan slog byung /_brag ri sa rdo yin zer ki la ki lan slog byung /_de 'dra'i sems pa'i skyo ba lags/
  • ཨ་མ་ལགས་བརྙེད་རྒྱུ་མེད་པར་སྦྲང་ཆར་སྨུག་པས་སྒྲིབ་སོང་། སྦྲང་ཆར་ལ་སྨུག་པས་སྒྲིབ་དུས་ང་ཡང་ཨ་མ་དྲན་སོང་། ཨ་མ་དྲན་རང་དྲགས་ནས་བྲག་ལ་ཀི་ཤེད་རྒྱབ་ཡོད། དེ་འདྲའི་སེམས་པའི་སྐྱོ་བ་ལགས།
    a ma lags brnyed rgyu med par sbrang char smug pas sgrib song /_sbrang char la smug pas sgrib dus nga yang a ma dran song /_a ma dran rang drags nas brag la ki shed rgyab yod/_de 'dra'i sems pa'i skyo ba lags/
  • མོ་རང་ལ་སྙིང་ནས་བརྩེ་དུང་ལ་མོའི་རྒྱབ་ལ་ལུས་སོང་། ལ་མོ་ལ་ལ་ཐག་རིང་བས་བརྩེ་དུང་སྙོབས་ས་མི་འདུག ལ་མོ་ལ་ཐག་རིང་བས་བརྩེ་དུང་སྙོབས་ས་མི་འདུག དེ་འདྲའི་སེམས་པའི་སྐྱོ་བ་ལགས།
    mo rang la snying nas brtse dung la mo'i rgyab la lus song /_la mo la la thag ring bas brtse dung snyobs sa mi 'dug_la mo la thag ring bas brtse dung snyobs sa mi 'dug_de 'dra'i sems pa'i skyo ba lags/