Skip to main content Skip to search
15 Dec 2011
5 min 26 sec
Rating
0
No votes yet
Audio Overview
Creators: 
Unknown

Description not yet available.

Show More

  • ཡ་ལྷ་ཞོལ་བྱེ་མའི་དཀྱིལ་ལ་ལྷ་རྩེ་བྱེ་མའི་དཀྱིལ་ལ་བུ་མོ་སྣ་མིན་སྣ་ཚོགས། དུག་ལོ་ལ་མོ་རྒྱག་དུས་པད་སྒྲོན་གཅིག་པོ་ཡིན་བཞག
  • ཨ་ལ་ལྷ་རྩེ་བྱེ་མའི་དཀྱིལ་ལ་བུ་མོ་སྣ་མིན་དང་སྣ་ཚོགས། དུག་ལོ་ལ་མོ་རྒྱག་དུས་ལ་པད་སྒྲོན་གཅིག་པོ་ཡིན་ནོ། དུག་ལོ་ལ་མོ་རྒྱག་དུས་ལ་པད་སྒྲོན་གཅིག་པོ་ཡིན་ནོ།
  • དུག་ལོ་ལ་མོའི་ལ་རྩེར་པད་སྒྲོན་སྐུ་ཐང་མཉེས་སོང། པད་སྒྲོན་འབྲོག་གླུ་སྙན་ནས་ལ་སོ་སོ་སེམས་པ་ཤོར་སོང་།
  • ཡར་ལ་བལྟས་ན་བྲག་རེད། མར་ལ་བལྟས་ན་ཆུ་རེད། ཚེ་རིང་རྒྱལ་མོ་ཨོ་ཤིག་པད་སྒྲོན་ཁོ་པར་གཟིགས་རོགས་གནང་མ་ཟེར་ཡས།
  • ཡར་ལ་བལྟས་ན་བྲག་རེད། མར་ལ་བལྟས་ན་ཆུ་རེད། ཚེ་རིང་རྒྱལ་མོ་ཨོ་ཤིག་ལ་པད་སྒྲོན་གཟིགས་རོགས་གནང་དང་། ཚེ་རིང་རྒྱལ་མོ་ཨོ་ཤིག་ལ་པད་སྒྲོན་གཟིགས་རོགས་གནང་དང་།
  • ཆུ་ལ་ལྷག་པ་རྒྱབ་ནས། ཆུ་ལ་ལྷག་བ་རྒྱབ་ནས་རི་སྣ་གསལ་བ་མཐའ་ལ་བཏོན་སོང་། ཡབ་ཡུམ་བཀའ་མོལ་གནང་ནས་ལ་བུ་མོ་མཐའ་ལ་བཏོན་སོང་ཟེར།
  • རི་སྣ་ནི་མཐའ་ལ་བཏོན་ལ་སོང་། ཡབ་ཡུམ་བཀའ་མོལ་གནང་ནས་ལ་བུ་མོ་ཟུར་ལ་བཏོན་སོང་། ཡབ་ཡུམ་བཀའ་མོལ་གནང་ནས་བུ་མོ་ཟུར་ལ་བཏོན་སོང་།
  • མི་བརྒྱ་བྱམས་པ་ཡིན་ཟེར། ཡ་ད་མི་བརྒྱ་བྱམས་པ་ཡིན་ཟེར་ཟླ་གཅིག་ཟླ་གཉིས་སླེབས་སོང་ང་ད། ནུབ་ཁང་སྲས་ཆུང་སྐུ་ཞབས་ཚོ་ལོ་ལ་གྲང་ཀ་བསྐྱོན་ཤོག་ཟེར།
  • ཟླ་གཅིག་ཟླ་གཉིས་སླེབས་ལ་སོང་། ནུབ་ཁང་སྲས་ཆུང་སྐུ་ཞབས་ལ་ལ་ཨོལ་གྲང་ཀ་ཕེབས་སོང་།
  • ནུབ་ཁང་སྲས་ཆུང་སྐུ་ཞབས་ལོ་ལ་གྲང་ཀ་ཕེབས་སོང་། ཤ་པ་རིག་འཛིན་དགའ་རེ་ཡག སྔོན་མོའི་ཆག་ལ་ནི་ཟི་རི་ཡག་ཟེར།