Audio Overview
Description not yet available.
- 11a འཇིག་རྟེན་ཁམས་ན་དྲིན་ཅན་གཅིགThere is one kind (person) in the universe
- དྲིན་ཆེན་ནོ་དྲིན་ཅན་ཧ་༼ཕ་༽མ་རེད།(And) that great kind one is the kind parents;
- 1a འདི་ལ་དགུང་སྔོན་ནམ་ན་དྲིན་ཅན་གཅིགThere is one kind (thing) in the blue sky
- དྲིན་ལ་ཆེན་ནོ་དྲིན་ཅན་ཉི་མ་རེད།(And) that great kind one is the kind sun;
- ས་ལ་རུབ་ནས་མུན་འགོ་སྒྲིག་དུས་ན།When the darkness falls as the night falls
- དྲིན་ལ་ཆེ་རུང་ཉི་མ་འདུག་དབང་མེད།The sun, though very grateful, does not have the power to stay;
- 2a འདི་ལ་བར་སྣང་ཁམས་ནས་དྲིན་ཅན་གཅིགThere is one kind (thing) in the realm of the space
- དྲིན་ལ་ཆེན་ནོ་ཟླ་བ་དཀར་རོ་༼པོ་༽རེད།(And) that great one is the white moon;
- ནམ་ལ་ལངས་ནས་ཉི་རྩེ་རྒྱག་དུས་སུ།When the sun makes to the eastern peak as the day breaks out
- དྲིན་ལ་ཆེ་རུང་ཟླ་བ་འདུག་དབང་མེད།The moon, though very grateful, does not have the power to stay;
- 3a འདི་ལ་འཇིག་རྟེན་ཁམས་ན་དྲིན་ཅན་གཅིགThere is one kind (person) in the universe
- དྲིན་ལ་ཆེན་ནོ་དྲིན་ཅན་ཧ་༼ཕ་༽མ་རེད།(And) that great kind one is the kind parents;
- ལོ་ལ་དྲུག་ཅུ་རྒས་རྟགས་ཐོན་དུས་སུ།When the aging signs start showing at 60s
- དྲིན་ལ་ཆེ་རུང་ཧ་༼ཕ་༽མ་འདུག་དབང་མེད།The parents, though very grateful, do not have the power to live;
- དྲིན་ལ་ཆེ་རུང་ཧ་༼ཕ་༽མ་འདུག་དབང་མེད།The parents, thoough very grateful, do not have the power to live.