Skip to main content Skip to search
15 Dec 2011
1 min 36 sec
Rating
0
No votes yet
Audio Overview
Creators: 
Unknown

Description not yet available.

Show More

  • ཕུ་གངས་རིའི་དཀྱིལ་ལ་ཉི་ཟེར་རྒྱས། ཉི་ཟེར་རྒྱས་ལ་ཟེར། ཕུ་གངས་རིའི་དཀྱིལ་ལ་ཉི་ཟེར་རྒྱས། ཉི་ཟེར་རྒྱས་ལ་ཟེར། ཐང་དཀར་རྒོད་པོ་ཡི་རྙི་རྒྱག་ས་ཡིན། རྒྱག་ས་ཡིན་ལ་ཟེར། ཐང་དཀར་རྒོད་པོ་ཡི་རྙི་རྒྱག་ས་ཡིན་ལ། རྒྱག་ས་ཡིན་ལ་ཟེར།
  • དབྱར་སྤང་གི་དཀྱིལ་ལ་རྩྭ་ཁ་རྒྱས། རྩྭ་ཁ་རྒྱས་ཡ། དབྱར་སྤང་གི་དཀྱིལ་ལ་རྩྭ་ཁ་རྒྱས། རྩ་ཁ་རྒྱས་ཡ། ཤྭ་བ་སྨུག་ཆུང་གི་རྙི་རྒྱག་ས་ཡིན་ལ། རྒྱག་ས་ཡིན་ཡ། ཤྭ་བ་སྨུག་ཆུང་གི་རྙི་རྒྱག་ས་ཡིན། རྒྱག་ས་ཡིན་ཡ་ཟེར། 
  • དབྱར་ཟླ་ཟིན་ཟླ་བ་མཚོ་ཟླ་རྒྱས། མཚོ་ཟླ་རྒྱས་ཡ། དབྱར་ཟླ་ཟིན་ཟླ་བ་མཚོ་ཟླ་རྒྱས། མཚོ་ཟླ་རྒྱས་ཡ། ཉ་ཆུང་གསེར་མིག་གི་རྙི་རྒྱག་ས་ཡིན༎ རྒྱག་ས་ཡིན་ཡ་ཟེར། ཉ་ཆུང་གསེར་མིག་གི་རྙི་རྒྱག་ས་ཡིན། རྒྱག་ས་ཡིན་ཡ་ཟེར།