Audio Overview
This is a recording of Yangchen Tsomo, Diki, Xiaomi, and Lhache from Duma performing a ceremonial song (gzhas chen). This song is sung when new prayer flags are raised on the 1st and 15th days of Tibetan New Year (lo gsar).
- ཡར་འགྲོ་ཡར་འགྲོ་སྤང་གི་སྟེང་ལ་ཡར་འགྲོ།
- སྤང་གི་སྟེང་ལ་ཡར་འགྲོ་ཟེར༎
- སྤང་གི་སྟེང་ལ་མེ་ཏོག་དམར་པོ་གཅིག་ཤར་ཡོད༎
- མེ་ཏོག་དམར་པོ་གཅིག་ཤར་ཡོད་ཟེར༎
- མེ་ཏོག་བསྡུ་ན་འདུག་ཟེར་མ་འཇུས་དུག་ཡོད༎
- འདུག་ཟེར་མ་འཇུས་དུག་ཡོད་འདུག་ཟེར༎
- མེ་ཏོག་འབུལ་ན་སྟེང་ཕྱོགས་ལྷ་ཡུལ་ལ་འབུལ་ཡོད༎
- སྟེང་ཕྱོགས་ལྷ་ཡུལ་ལ་འབུལ་ཡོད་ཟེར༎
- ཡར་འགྲོ་ཡར་འགྲོ་སྤང་གི་སྟེང་ལ་ཡར་འགྲོ།
- སྤང་གི་སྟེང་ལ་ཡར་འགྲོ་ཟེར༎
- སྤང་གི་སྟེང་ལ་མེ་ཏོག་དཀར་པོ་གཅིག་ཤར་ཡོད༎
- མེ་ཏོག་དཀར་པོ་གཅིག་ཤར་ཡོད་ཟེར༎
- མེ་ཏོག་བསྡུ་ན་འདུག་ཟེར་མ་འཇུས་དུག་ཡོད༎
- འདུག་ཟེར་མ་འཇུས་དུག་ཡོད་ཟེར༎
- མེ་ཏོག་འབུལ་ན་བར་ཕྱོགས་མི་ཡུལ་ལ་འབུལ་ཡོད༎
- བར་ཕྱོགས་མི་ཡུལ་ལ་འབུལ་ཡོད་ཟེར༎
- ཡར་འགྲོ་ཡར་འགྲོ་སྤང་གི་སྟེང་ལ་ཡར་འགྲོ།
- སྤང་གི་སྟེང་ལ་ཡར་འགྲོ་ཟེར༎
- སྤང་གི་སྟེང་ལ་མེ་ཏོག་སྔོན་པོ་གཅིག་ཤར་ཡོད༎
- མེ་ཏོག་སྔོན་པོ་གཅིག་ཤར་ཡོད་ཟེར༎
- མེ་ཏོག་བསྡུ་ན་འདུག་ཟེར་མ་འཇུས་དུག་ཡོད༎
- འདུག་ཟེར་མ་འཇུས་དུག་ཡོད་ཟེར༎
- མེ་ཏོག་འབུལ་ན་འོག་ཕྱོགས་ཀླུ་ཡུལ་ལ་འབུལ་ཡོད༎
- འོག་ཕྱོགས་ཀླུ་ཡུལ་ལ་འབུལ་ཡོད་ཟེར༎