Audio Overview
Description not yet available.
- ལཱ་ཟེར་ན།
- གང་ས་ཕྱོགས་ཀྱི་ཡོངས་ལ་བལྟས་པས༎
- སྐྱིད་ས་བདེ་རུ་འཛོམས་ལ་བྱུང་༎
- སྐྱིད་ས་བདེ་རུ་འཛོམས་ལ་བྱུང་༎
- ལཱ་ཟེར་ན།
- དགའ་བའི་མི་ཡང་འཛོམས་ལ་བྱུང་༎
- བསུད་༼བསྲུབས་༽པའི་ཇ་ཡང་ཞིམ་བྱུང་༎
- བསུད་༼བསྲུབས་༽པའི་ཇ་ཡང་ཞིམ་བྱུང་༎
- ལཱ་ཟེར་ན།
- སྐུ་གཟུགས་ཆེ་བ་མཇལ་ལ་བྱུང་༎
- རྒྱལ་བ་བྱམས་པ་མཇལ་ལ་བྱུང་༎
- རྒྱལ་བ་བྱམས་པ་མཇལ་ལ་བྱུང་༎
- ལཱ་ཟེར་ན།
- སྐུ་གཟུགས་ཆུང་བ་མཇལ་ལ་བྱུང་༎
- སྒྲོ་མ་གསུང་བྱོན་མཇལ་ལ་བྱུང་༎
- སྒྲོ་མ་གསུང་བྱོན་མཇལ་ལ་བྱུང་༎
- ལཱ་ཟེར་ན།
- ཁ་དོག་བཟང་བ་མཇལ་ལ་བྱུང་༎
- པད་མ་འདབ་བརྒྱད་མཇལ་ལ་བྱུང་༎
- པད་མ་འདབ་བརྒྱད་མཇལ་ལ་བྱུང་༎
- ལཱ་ཟེར་ན།
- དྲི་མ་ཞིམ་པ་མཇལ་ལ་བྱུང་༎
- དྲི་མ་ཞིམ་པ་མཇལ་ལ་བྱུང་༎
- ལྷ་ཕུད་ལོ་ཕུད་༼ལྷ་ཤིང་ཤུག་པ་༽མཇལ་ལ་བྱུང་༎
- ལྷ་ཕུད་ལོ་ཕུད་༼ལྷ་ཤིང་ཤུག་པ་༽མཇལ་ལ་བྱུང་༎