Skip to main content Skip to search
15 Dec 2011
17 min 19 sec
Rating
0
No votes yet
Audio Overview
Creators: 
Unknown

This song is chanted at weddings. An interview regarding the song will soon be available.

Show More

  • སིངེར
    བཀྲིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་གྲོ་ཀུན་ཁམས་བཟང། གཏན་ཏུ་བདེ་བ་འཐོབ་པར་ཤོག
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་ལས་སུ་འཕེལ་འགྱུར་ཅིག ས་ཡུལ་སྐྱིད་པོ་དམར་གཞུང་ཟེར་བའི་དམར་སྐྱིད་དེ། འཛམ་གླིང་གླིང་ཆེན་བཞི་ཡི་སྟེང་དུ་གནས། བདེ་བ་བར་ཀྱིས་ས་སྐྱ་དགོན་པོའི་ཞབས། དགའ་ལྡན་ས་སྐྱེའི་ཆོས་གྲྭ་ཆེན་པོ་བཏབ། ཆོས་གྲྭ་ཆེན་པོ་བཀྲིས་ལྷུན་པོའི་ལྷོ།
  • སིངེར
    གོས་སྣ་འཛོམས་པ་ཤེལ་དཀར་རྒྱལ་རྩེའི་ནུབ། བཟས་སྣ་འཛོམས་ཞིང་ཚོང་འདུས་ཕ་རིའི་ཆང་། འབྲུ་སྣ་འཛོམས་ཤིང་གཙང་དུས་ལུང་པའི་ཕུག མདའ་རུ་བརྟེན་བྱ་ས་ཞིང་བརྒྱ་ཕྲག་གནས། གྲོ་ནས་སྲན་གསུམ་གཞན་ལ་སྨོན་དགོས་མེད།
  • སིངེར
    བར་དུ་ཁྱིམ་བྱ་བང་མཛོད་ནོར་གྱིས་ཁེངས། གསེར་གཡུ་མུ་ཏིག་གཞན་ལ་སྨོན་དགོས་མེད། ཕུ་རུ་སྤངས་བྱ་འབྲོག་སྡེ་བརྒྱ་ཕྲག་གནས། ཤ་མར་ཐུད་གསུམ་གཞན་ལ་སྨོན་དགོས་མེད། ས་ཡུལ་འདིས་འདྲའི་ཕྱོགས་ལ་དགའ་སྐྱིད་ཞུ།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག དེ་རིང་གནམ་ལ་བལྟས་པས་སྐར་མ་བཟང། ད་རིང་ས་ལ་བལྟས་པས་ཉི་མ་འཁྲུངས། བར་སྣང་ཐམས་བཅད་ཞག་གི་ཁེངས་པའི་སྐབས་འདིར།
  • སིངེར
     ངེད་སྤྲུལ་རྒྱལ་པོ་སྲོང་བཙན་སྒམ་པོ་ལ། བཙུན་མོ་ལྷ་ཅིག་རྒྱ་བཟའ་བཞེས་པའི་སྐབས་འདིར།  འབྲས་དཀར་རྣ་བ་སྙན་པ་དང། གཏམ་གྱི་ཤ་སྐད་ཚེར་བ་དང། རྩིས་ཀྱི་ཁ་བྲོ་འཛོམས་པ་དང། གཡས་གྲལ་སྟར་དུ་ཞུགས་པ་དཔའ་བའི་ཞུགས་པའི་གྲལ།
  • སིངེར
    གཡོན་བཞུགས་གྲལ་དུ་བཞུགས་པ་དཔའ་མོའི་གྲལ། བཞུགས་གྲལ་མུ་ཏིག་དར་ལ་བརྒྱུད་པ་བཞིན། དགའ་གདོང་སེང་གེའི་བྲག་ལ་འཁྱུད་པ་དང། བོད་ཀྱི་བློན་པོ་མགར་བ་སྟོང་བཙན་དང། ཐོན་མི་སམ་བྷོ་ཊ་ལ་སོགས་པས། དགའ་མགུར་ཆོས་པའི་བྱིན་བརླབས་བསམ་མི་ཁྱབ་པ། དབྱར་གནམ་ནས་འབྲུག་སྒྲ་ལྡིར་བ་ལྟར། བཞུགས་གྲལ་གྱི་ཕོ་གཞོན་མོ་གཞོན་རྣམས་ཡར་ལ་ལངས། འུར་ཐིང་བར་ཞུགས་ཞིག ལེགས་བཤད་ཀྱི་ཚིག་རེན་པོ་ཆེ་མུ་ཏིག་དར་ལ་བརྒྱུད་པ་བཞིན། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་བསྟོད་པ་འབུལ་རྒྱུ་ཡིན།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག ཆོས་སྐུའི་སྟོན་པ་ཀུན་དུ་བཟང་པོ་དང། ལོངས་སྐུའི་སྟོན་པ་ཐུགས་རྗེ་ཆེན་པོ་དང། སྤྲུལ་སྐུའི་སྟོན་པ་གུ་རུ་པད་མ་འབྱུང་གནས་དང། སྐུ་གསུམ་བླ་མ་རྣམས་དང་དབྱེར་མེད་པ། གླིང་བཞི་གླིང་ཕྲན་ལྷོ་ཕྱོགས་འཛམ་བུའི་གླིང། ཆོས་ཀྱི་འབྱུང་ཁུངས་རྒྱ་གར་རྡོར་རྗེའི་གདན། དམ་ཆོས་དར་ཡུལ་བོད་ཁ་བ་ཅན། སྐུ་གསུམ་བླ་མ་རྣམས་ལ་བཀྲ་ཤིས་པའི་མགུལ་དར་གཅིག་འཕུལ།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག ཤིང་ཙན་དན་དཀར་པོ་འབྲུག་སྐད་ཤིང་བྱ་འཕུར་གིན་ཟེར་བ་འདི། གནས་གང་འདི་ནི་སྔར་ཡང་བོད་ལ་དར་ཡང་ཕུར། གཏན་ཏུ་འབུལ་བའི་ངང་ལ་ཞུགས། ཕྱི་ལ་ཟུར་བཞི་ཚང་བ་འདི། ཕྱི་དགྲ་བོའི་ཐོགས་དུ་ཟེར་བ་ཡིན། ནང་ལ་འགུགས་བཞི་ཚང་བ་འདི། ནང་ཕྱ་གཡང་འགུགས་པས་འགུགས་ཤིང་ཡིན། འདི་ཡི་ནང་དུ་བླུགས་པའི་བྱ་སྒྲོ་སེར་པོ་དེས། ཡིན་པ་རང་གྲས་ཐང་སྟོད་མཆོག་ནས་ཤེས།
  • སིངེར
    གནས་གང་ཤར་འགྲོ་བའི་ཤར་འགྲོ་ཡིན། འདི་ཡི་སྟེང་དུ་ཡོད་པའི་ཁང་ཙགས་དམར་རོ་འདི། ཡིན་པ་རང་གྲས་བྱང་ཚར་ཀས་ཡུལ་ནས་ཡིན། གཡག་གུ་རོགས་པའི་རྒྱབ་ཏུ་བརྟེན་འབྲེལ་ཞུས། གཡས་ཕྱོགས་ལ་སོགས་ཕྱེ་མར་འདི། གནོད་བྱིན་གངས་རི་སྤུངས་པ་འདྲ། སྟེང་དུ་ཡོད་པའི་མར་ཀྲོག་ཆུང་མོ་རླབས་རིང་འདི། གནས་གང་འདི་ནི་མར་ཀྲོག་ལས་དྲི་བའི་གང་ལ་ཞུགས། བཀྲ་ཤིས་པའི་མགུལ་དར་ཕུལ་ལོ།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག འདི་ཡི་སྟེང་དུ་བཙུག་དཔལ་སྟག་མོ་ཚངས་པ་ལྔ་ལྡན་འདིས། རྩ་བ་གཅིག་ལ་རྩེ་མོ་ལྔ། རྩ་བ་གཅིག་ནི་མི་རབས་རྩ་བ་བཙུགས། རྩེ་མོ་ལྔ་ནི་མངའ་ཐང་གོང་དུ་འཕེལ། ས་གཅིག་གིས་སྔོ་དཀར་མེ་ལོང་འདིས། ཕྱི་མུན་པ་སེལ་བའི་མེ་ལོང་ཡིན། ནང་ཕྱ་གཡང་འགུགས་པའི་འགུགས་ཤིང་ཡིན། དར་དཀར་དྲི་མེད་རྒྱན་དུ་འཕུལ།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག ཤར་རྒྱལ་མཚན་ཀླུ་སྡིང་ནས་གདན་དྲངས་པའི། ཀ་བ་འདི་ལ་མི་ཚང་ཟེར་བ་གང་ཡང་མེད་དམ།
  • སིངེར
    ཚང་ལ་ཟེར་ན་ཀ་དད་དང་པོ་པད་མའི་ས་དམ་གཅིག ཀ་རབ་གཉིས་པ་ནོར་བུའི་རྡོ་དང་གཉིས། ཀ་རིང་ཀ་གདུང་གཞུ་རིང་གཞུ་གདུང་གསུམ། ལྕང་ཤིང་ཕྲ་མ་ཕུ་ནོར་བཙུགས། སྔར་ཡང་འཛོམས་ལ་ད་ཡང་འཛོམ། གཏན་དུ་འཛོམས་པའི་ངང་ལ་བཞུགས། པད་མ་མཆོད་རྫས་ཉི་ཟླའི་སྟེང་ལ་བཞུགས། ཀ་བ་འདི་ནི་གླང་གི་ལོ་ལ་བཞངས།༼བཞེངས།༽ གླང་ཆེན་འགྱིངས་འདྲ་དེ་ནས་བྱུང་། གདུང་མ་དེ་ནི་འབྲུག་གི་ལོ་ལ་བཞངས།༼བཞེངས།༽ གདུང་མ་འབྲུག་རིས་ཤིག་ཤིག་དེ་ནས་བྱུང་།
  • སིངེར
    ཤར་རྒྱ་ནག་བཀྲ་ཤིས་ཁྲི་སྐོར་ནས་གདན་དྲངས་པའི། རྒྱ་མོ་ཀོང་རྩེས་ལྷ་མོས་ཕྱག་བཞེས། དར་དཀར་པོའི་དྲི་མེད་དཀར་གཙང་འདི། དེ་རིང་ཀ་བའི་རྒྱན་དུ་འབུལ་བ་ལགས།
  • སིངེར
    མཐོ་བ་ནམ་མཁའ་ཡ་ལ་འཕྱར་ཙམ་བྱས། ནམ་མཁའ་ཡ་ལ་སྤྲིན་དཀར་འཁོར་བ་འདྲ། དམའ་བ་ས་གཞི་མར་ལ་འཇོག་ཙམ་བྱས། ས་གཞི་མར་ལ་ཁ་བ་འབབ་པ་འདྲ། ཁ་བའི་སྙིང་པོ་བྱམས་ཆོས་ཡིན། བར་མི་ཡི་ཡུལ་ལ་གཏང་ཙ་ན། མི་རྒྱུད་ཆུ་ལས་རིང་བ་ཡོད། དེ་རིང་ཀ་བའི་རྒྱན་དུ་འབུལ་རྒྱུ་ཡིན།
  • སིངེར
    མཐོ་ནམ་མཁའ་ཡར་ལ་འཕྱར་ཙམ་ན། ཕུ་ཡི་གངས་རི་དཀར་པོའི་མདངས་ཡང་ཆགས། རིང་བ་ལ་བྱས་ན་གཙང་ཆུ་སྔོན་མོའི་གཞུང་དང་མཉམ། ཚོམས་ཆེན་གྱི་ཀ་བའི་རྒྱན་དུ་འབུལ་བ་ལགས། རྩ་བ་འདི་ལ་པད་མ་འདབ་བརྒྱད་ཚང་། ས་པད་མ་འདབ་བརྒྱད་རྒྱན་དུ་འབུལ་བ་ཡིན།
  • སིངེར
    རྐེད་པ་འདི་ལ་བཀྲ་ཤིས་རྟགས་བརྒྱད་ཚང་། བར་མི་ཡི་རྒྱན་དུ་འབུལ་བ་ཡིན། རྩེ་མོ་ཡ་ལ་འཁོར་ལོ་རྩིབས་བརྒྱད་ཚང་། གནམ་འཁོར་ལོ་རྩིབས་བརྒྱད་རྒྱན་དུ་འཕུལ། གཡས་ལ་རྟ་ནག་གཡོན་ལ་ཆིབས། གཡོན་ལ་རྟ་ནག་གཡས་ལ་ཆིབས། ཀ་གདུང་འདི་ལ་ལོ་ངོ་བརྒྱ་ཉེ་བ་ལྟ་བུ་གཅིག་ཡོད།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག ཡར་རྩེ་ན་ཁམས་ཙོང་ནས་ཕེབས་པའི་གཡང་དཀར་གྱི་ལུག དགུན་བཅུའི་ནང་གངས་དཀྱིལ་དུ་བཞུགས་པའི་གཡང་དཀར་གྱི་ལུག། དེ་རིང་ཚོམས་ཆེན་གྱི་རྒྱན་དུ་ཕེབས་པ་ལ།
  • སིངེར
    ཞག་བསྐོར་གནས་སྲིད་ཤུགས་བསྐོར་ཤུགས། བཞུགས་གྲལ་གཤོག་པས་ཤུགས་བསྐོར་ཤུགས། འཛུགས་མ་སྨེ་སེར་འཛུགས་པ་ཟེར། མི་རབས་རྩ་བ་བཙུགས་པས་འཛུགས་མ་ཟེར། མཇུག་མ་སྨི་ཤུགས་ཆུ་འགྱུར་ཤུགས། མི་རྒྱུད་ཆུ་ལས་རིང་བའི་ཆུ་འགྱུར་ཤུགས། གཙང་རྭ་སྨེ་སེར་ཚང་འཛོམས་ཟེར། བུ་ནོར་ལོངས་སྤྱོད་ཚང་འཛོམས་ཟེར།
  • སིངེར
     ལོངས་མི་སྲིད་བློན་འབངས་སྲིད། བྲོ་དཀར་ཚུར་ལ་ལོན་པའི་གླུ་དབྱངས་ཟེར། བདག་གྱི་གནས་སྲིད་དལ་ཀྱི་སྲིད། གནས་ཁང་དར་ལ་སྐྱིད་པ་ཟེར། མཛེས་མ་མི་སྲིད་རྩིག་པ་སྲིད། རྒྱུན་དུ་འབྲེལ་མར་སེར་པོས་བརྩིགས་པ་སྲིད། སོག་པ་མི་ཤུགས་སོག་པ་ཤུགས། ནོར་ལོངས་སྤྱོད་སོག་པས་སོག་པར་ཤུགས༎ མཇིང་པ་མི་སྲིད་མཇིང་པར་ཤུགས།
  • སིངེར
    ཕྱི་དགྲ་བོའི་ཐོགས་ལ་མཇིང་པ་ཟེར༎ གཡང་དཀར་གྱི་ལུག་གུ་ཤ་ཡི་རལ་པ་ཅན། ལུག་མི་སྲིད་ལྷུག་པ་ཟེར། དབྱར་གྱི་དུས་སུ་ཕར་ལུག་གིས་གླུ་དབྱངས་ཟེར། དགུན་གྱི་དུས་སུ་ཚི་ལུ་ལུག་བལ་གླུ་དབྱངས་ཟེར། མཇུག་མ་འདི་ལ་ལུག་གུ་གྲངས་མེད་ཁྲིད། དེ་རིང་ཚོམས་ཆེན་གྱི་རྒྱན་དུ་ཕེབས་པ་ལ། བཀྲ་ཤིས་པའི་མགུལ་དར་ཅིག་འབུལ་ལོ།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག ཤར་སྟག་ལུང་ཚོང་འདུས་ཁང་གསར་ནས་གདན་དྲངས་པའི། འཇིམ་བུར་གྱི་ཨུར་རྒྱན་སྤོམ་ཚོ་སྟེ། ཕྱི་ནས་བལྟས་ན་རི་བོ་འདྲ། རི་བོའི་གཟུགས་ལ་ཚེ་དབང་བུམ་པའི་དབྱིབས། ནང་ནས་བལྟས་ན་རྒྱ་མཚོ་འདྲ། རྒྱ་མཚོའི་སྟེང་ལ་ཨ་རག་བདུད་རྩི་དབྱིབས། དེ་ཡི་སྟེང་ན་ན་ནིང་བཙོས་པའི་ལོ་ཆང་གར་མོ་ཡོད། བར་སྟེང་ན་ཨ་རག་བདུད་རྩི་ཡོད། རྩེ་མོ་ཡར་ན་ད་ལོ་བཙོས་པའི་འབྲས་ཆང་བསིལ་མ་ཡོད།
  • སིངེར
    ད་ཨེཡི་གདན་འབྲུག་བརྒྱབ་པའི་དམར་ཡག་གསུམ་པོ་དེ། རིགས་གསུམ་མགོན་པོའི་ལྷ་ཚོགས་འདྲ། འདི་ཡི་སྟེང་དུ་བཙུགས་པའི་དབུར་རྒྱན་སྨྱུག་མ་ཚིགས་གསུམ་འདི། བཅད་པ་མཁའ་འགྲོ་སྡེ་ལྔས་བཅད། དྲངས་པ་ཁྱུང་དཀར་ཨ་མཛོ་ལས་དྲངས། བོད་ཁ་བ་ཅན་དུ་འདྲེན་པ་ལ། རྩ་བ་སྟག་ཤར་གཞོན་པའི་ཞ་གླིང་ཉན་པ་ཡོད། སྐེད་པ་ཨ་མ་ཆང་མའི་ཆང་རྒྱུ་ཉན་པ་ཡོད། རྩེ་མོ་མགུར་གླུ་དར་བའི་དར་ཤིང་ཉན་པ་ཡོད། བཀྲ་ཤིས་པའི་མགུལ་དར་ཅིག།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག དུས་ནམ་རྒྱ་ལྷ་རྩེ་ཡུལ་ནས་གདན་དྲངས་པའི། གྲུམ་ཙེ་མ་ཕམ་གཡུ་མཚོ་འདི། ཕྱི་དེ་གསེར་ཤོག་ཆེ་བ་ལ། ནང་དེ་དངུལ་དཀར་ཀྱི་འོད་མདངས་ཆེ་བ་ཡོད།  དེ་ཡི་ནང་དུ་ཨ་རག་བདུད་རྩི་རྦ་རླབས་ཆེ་སེ་ཆེས་བ་དང། གཡས་དུ་ཨ་ལོང་བཏགས་པ་འདི།
  • སིངེར
    གཡས་དྭགས་གྲལ་ཞིག་ཏུ་གནོན་པ་ཡིན། གཡོན་དུ་ཨ་ལོང་བཏགས་པ་འདི། གཡོན་གཟིགས་གྲལ་ཞིག་ཏུ་གནོན་པ་ཡིན། འདི་ཡི་སྟེང་དུ་རྒྱབ་པའི་དམར་གཡག་ལྔ་པོ་འདི། རྒྱལ་བ་རིགས་ལྔའི་ལྷ་ཚོགས་འདྲ། འདི་ཡི་སྟེང་དུ་བཙུགས་པའི་ཁྲུང་སྐྱོག་ལྷ་བྱ་གོང་མོ་འདི། ཡིན་པ་རང་ད་ལི་ཐང་གཞུང་ནས་ཡིན། བོད་ཆང་ས་དར་བའི་ཁྲུང་སྐྱོག་ཡིན།
  • སིངེར
    ཁྲུམ་འདྲེན་ཨ་ཅེའི་ཕོ་མོའི་ཆང་རྩལ་ཡིན། ཁྲུང་འདྲེན་ཡིད་འཕྲོག་ཕོ་མོ་རྣམས་ལ་བསྟོད་པ་འབུལ་བ་ལགས། ཕྱི་གང་སྲིད་བསྐྱངས་ན་རྨ་བྱ་འདྲ། ནང་གང་སྲིད་གླུ་མོའི་གླུ་རྩལ་འདྲ། གསུངས་སྙན་པོ་དྲི་ཟའི་པི་ཝང་འདྲ། བཞུགས་གྲལ་གཡོན་ལ་མཐའ་དཀྱིལ་མི། ལྷས་སྐུའི་ཕྱོགས་ལ་རྒྱབ་མདུན་མེད་པའི་ཐོག་ནས་མཆོད་ཆང་རེ་རེ་བཀྱག་རོགས་གནང་།
  • སིངེར
    དེ་ནས་ཡབ་ཆེན་ལ་བསྟོད་པ་ཕུལ་བ།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག ཡབ་ཆེན་ཁྱེད་དང་རི་རྒྱལ་ལྷུན་པོ་འདྲ། རི་ལ་འགྱུར་བ་མེད་པའི་ལྷ་སྲས་འཁྲུངས། སྔར་ཡང་རི་བོ་བཙུགས་པ་འདྲ། ད་ཡང་རི་བོ་བཙུགས་པ་འདྲ། རི་ལ་འགྱུར་ལྡོག་མེད་པའི་ངང་ལ་བཞུགས། བཀྲ་ཤིས་པའི་མགུལ་དར་ཅིག་ཕུལ་གྱི་ཡིན།
  • སིངེར
    ཡུམ་ཆེན་ལ་བསྟོད་པ།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག ཡུམ་ཆེན་ཁྱེད་དང་མ་ཕམ་གཡུ་མཚོ་འདྲ། མཚོ་ལ་འགྱུར་བ་མེད་པའི་གཡུ་ཞག་འཁྲུངས། གཡས་སུ་རྒྱ་ཇ་ཁམ་པའི་བརྩེགས་པ་བརྒྱབ། གཡོན་དུ་ཀྲན་མ་༼སྲན་མ་༽སེར་པོས་བརྩེགས་པ་བརྒྱབ། དཀར་མོ་འབྲུ་ཡི་བརྟེན་ས་ཡིན། བཀྲ་ཤིས་པའི་མགུལ་དར་ཅིག་ཕུལ།
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག སྟག་ཤར་ཁྱེད་དང་དགེ་སར་དམག་གི་དཔའ་བོ་འདྲ། མཐོ་ནམ་མཁའ་ཡ་གི་མ་འགྱུར་དང་། འོད་ཉི་ཟླ་གཉིས་ལས་ཆེ་བ་མེད། བར་འཛམ་བུའི་གླིང་གི་མེས་པོ་མ་འགྱུར་དང། དགེ་སར་དམག་གི་དཔའ་བོ་འདྲ་བ་མེད། དམའ་བ་རྒྱ་མཚོ་མ་གི་མ་འགྱུར་དང་། རྡོ་ཆུ་སྲིན་གཉིས་ལས་ཆེ་བ་མེད། བཀྲ་ཤིས་པའི་མགུལ་དར་ཅིག་ཕུལ་ལོ། 
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག བུ་ཆུང་ཁྱེད་དང་ཕྱི་ཡི་ལྕགས་རི་འདྲ། བུ་ཆུང་ཁྱེད་དང་གངས་སྟོད་སེང་གེ་འདྲ། སེང་གེ་གཡུ་རལ་ངོམས་པའི་ངང་ལ་བཞུགས། བཀྲ་ཤིས་པའི་མགུལ་དར་ཅིག་ཕུལ་ལོ། 
  • སིངེར
    བག་མར་བསྟོད་པ་ཕུལ་བ། 
  • སིངེར
    ཨོཾ་སྭ་སྟི་བདེ་ལེགས་སུ་འཕེལ་གྱུར་ཅིག བྱང་ཕྱོགས་ལྗོན་པའི་ཡུལ་ནས་གདན་དྲངས་པའི། བུ་མོ་ལྷ་སྲས་ཡིད་འཕྲོག་ལྷ་མོ་འདི། སྟོང་ཀྱི་དཀྱིལ་ནས་བདམས་པ་ཡིན། བརྒྱ་ཡི་དཀྱིལ་ནས་གྲུབ་པ་ཡིན།
  • སིངེར
    ཕ་རྒྱུད་གངས་རི་དཀར་པོ་ལ། གང་དང་གཞན་གྱི་འབྲེལ་བ་མེད། མ་རྒྱུད་གཡུ་མཚོ་སྔོན་མོ་ལ། ཆུ་སྣ་གཞན་གྱི་འབྲེལ་བ་མེད། རྒྱབ་དེའི་སྐྲ་ལོའི་སིང་ལྗང་ལ། གདོང་དེ་སོ་དཀར་འཛུམ་ཀྱི་ཡོད།
  • སིངེར
    རང་ལུས་ལ་ཤེས་བྱའི་སྡོང་པོ་ལ། ཆབ་བྱེད་ཙམ་ཀྱི་འབྲེལ་བ་མེད། ཕོ་བྲང་བརྟན་པ་བཏིང་པའི་བསྟན་འཛིན་མ། ནོར་བུ་པང་དུ་ལེན་པའི་པང་ལེན་མ། ནོར་འཛིན་གླུ་ཡི་བུ་མོ་འདི།
  • སིངེར
    གཙོ་ཆེན་ཡབ་ཡུམ་གཉིས་ལ་གུས་ཞབས་དང། གཉེན་བརྟེན་བུ་སྤུན་བར་ལ་མཐུན་ལམ་སྤྱོད། བུ་ཆུང་ཕར་ལ་འགྲོ་དུས་ཁྲ་ཆུང་མིག་གི་བསྐྱལ༎ བུ་ཆུང་ཚུར་ལ་ཕེབས་དུས་བགྲོད་དང་གོམ་པས་བསུས། ཨ་ཅེ་རྒྱ་བཟའ་དང་དབྱེར་མེད་ལ་བཀྲ་ཤིས་པའི་མགུལ་དར་ཅིག་ཕུལ།
  • སིངེར
    བུ་མོ་སྐུ་གཟུགས། ད་ཁྱེད་རང་གཉིས།