21 Dec 2016
1 min 9 sec
Audio Overview
Creators:
Gangsol Folk Culture Preservation Project
- སྨན་བུ་མོ་གཅིག་ལ་བུ་གསུམ་འཁྲུངས།
- བུ་ཆོས་བསོད་ཅན་པོ་དབུས་ཡ་སོང་།།
- དབུས་འབྲི་གོང་བླ་མའི་ཕྱག་མཛོད་བྱས།
- བུ་ཚོང་བསོད་ཅན་པོ་རྒྱ་ལ་སོང་།།
- རྒྱ་ནག་རྒྱལ་པོའི་ཚོང་དཔོན་བྱས།།
- བུ་བསོད་ནམས་ཅན་པོ་ཡུལ་གི་བསྡད།།
- ང་དྲིན་ཆེན་མ་ལོའི་སེམས་རྟེན་བྱས།།
- འབྲི་ཐེལ་མ་གཅིག་ལ་ཕོ་རྒ་གསུམ།།
- རྒ་སྨུག་པོ་རྭ་རིང་དབུས་ལ་སོང་།།
- དབུས་འབྲི་གོང་བླ་མའི་ཆོས་མཛོ་བྱས།།
- ཆོས་ཀུན་རིག་གཉིས་ཀྱི་ཁ་འོག་ན།
- རྡོ་གོར་མོའི་ཞབས་རྡོ་ཕོག་ས་མེད།།
- མཛོ་རོག་ལི་རྭ་ཀོང་རྒྱ་ལ་ཁྱེར།།
- རྒྱ་ནག་རྒྱལ་པོའི་ཇ་མཛོ་བྱས།།
- ང་འགུ་ཟི་གཉིས་ཀྱི་ཁ་འོག་ན།།
- ལྕག་ཚ་མོའི་ཞབས་རྡོ་ཕོག་ས་མེད།།
- ངས་བྲེ་ལོ་གསེར་ཁ་ཡུལ་གི་བཟུང་།།
- འབྲི་ཐེལ་ལོ་བརྒྱ་ཡི་ཁྱུ་བརྒྱན་བྱས།།
- དགྲ་ནག་པོའི་ཞབས་རྡོ་ཕོག་ས་མེད།།
- རྒོད་གཞི་མོ་གཅིག་ལ་ཕོ་རྟེའུ་གསུམ།།
- རྟ་ངང་པ་གསེར་ལྡན་དབུས་ལ་ཁྱེར།།
- དབུས་འབྲི་གོང་བླ་མའི་ཆིབས་པ་བྱས།།
- ནག་ལི་དྲུག་ཁྲ་རྒྱ་ལ་ཁྱེར།།
- རྒྱ་ནག་རྒྱལ་པོའི་ཆིབས་པ་བྱས།།
- ངས་གྲོ་སྨུག་དཔུང་ཐུང་ཡུལ་གི་བཞག།
- རྒོད་གཞི་མོ་བརྒྱ་བོའི་ཁྱུ་བརྒྱན་བྱས།།