27 Dec 2016
29 sec
Audio Overview
Creators:
Gangsol Folk Culture Preservation Project
- སྦྲ་ནག་ཆུང་ཕྱི་ཡག་ནང་ཡག་རེད།།
- ཕྱི་ཡག་ནི་འཕྱར་ཆེན་འཕྱར་ཆུང་རེད།།
- ནང་ཡག་ནི་ཟང་དཀར་འོ་མ་རེད།།
- མཐའ་ཡག་ནི་འབྲི་བརྒྱའི་ཐིའུ་མ་རེད།།
- རྟ་མདོ་ལོ་ཕྱི་ཡག་ནང་ཡག་རེད།།
- ཕྱི་ཡག་ནི་གསེར་སྒ་ཉི་མ་རེད།།
- ནང་ཡག་ནི་བལ་སྟན་གྲུ་བཞི་རེད།།
- མཐའ་ཡག་ནི་འགྲ་དང་གོམ་པ་རེད།།
- སྐྱེ་ཤར་ལོ་ཕྱི་ཡག་ནང་ཡག་རེད།།
- ཕྱི་ཡག་ནི་ཁྱ་རིང་རྭ་གཉིས་རེད།།
- ནང་ཡག་ནི་ཨ་འཇམ་ཚལ་དཀར་རེད།།
- མཐའ་ཡག་ནི་གཟིག་དང་གོང་སྐོར་རེད།།