04 Jan 2017
1 min 59 sec
Audio Overview
Creators:
Gangsol Folk Culture Preservation Project
- སྤྱང་ཀིས་ཤ་ཟ། རྐུན་མས་མནའ་ཟ།
- ཁྲམ་པ་ཁྱིམ་ལ་འཛུལ་ན་ཁྱིམ་ནག་ཡིན། ཁྲམ་རྟ་སྒོ་ལ་བཏགས་ན་སྒོ་ནག་ཡིན།
- ཁྱོད་རི་མགོ་དགོ་བ་མིག་ནག རི་སྐེད་ཝ་མོ་རྣ་ནག རི་ཞོལ་ཁྲམ་པ་ཁྱིམ་ནག ཁྱོད་ནག་པོ་གསུམ་གིས་ཐོ་ཐུག
- ཁྲམ་པ་ལ་ངོ་སོ། སྤྱངཀི་ལ་རྣ་ཚར།
- ཁྲམ་པ་མང་སས་ཤ་མི་ཚོས། ནག་མོ་མང་སས་ཇ་མི་ཁོལ།
- ཤ་འཆའ་དུས་ཁྲམ་པ་བླ་བདེ་པོ། འཇལ་རྒྱག་དུས་ཁྲམ་པ་བབས་ཆུང་བོ།
- ཁྱི་ཚེ་ཟུག་གིས་རྐུན་མ་མི་ཁོག
- མི་ཁྲམ་པས་སྡེ་གཏོར། རྡོ་རིལ་རིལ་གྱིས་མཁར་གཏོར།
- ཁ་ཚིག་གཅིག་ཉེས་ན་དཔོན་གྱིས་རེད། གཉིད་ཐུན་གཅིག་བརྒྱབ་ན་ཁྲམ་པའི་རེད།
- རྐུན་མས་མནའ་ཟ་རྒྱུ་ཟ། སྤྱང་ཀིས་ཤ་ཟ་ལྤགས་ཟ།
- ཁྲ་ཆུང་མིག་གིས་རྒྱུ་ཞིག་རིག གངས་དཀར་སེམས་ལ་འདྲེ་ཟིག་ཞུགས།
- བཟའ་ཚང་རྐུན་མ་མིས་མི་ཁོག ཁྱིམ་མཚེས་རྐུན་མ་ཁྱིས་མི་ཁོག
- ཁ་ར་ནང་གི་རྟ་བརྐུས། ཁ་ཚིག་བར་ནས་བློ་བརྐུས།
- རྐུན་མ་ནང་ལ་བཞག སྒོ་ལྕགས་ཕྱི་ལ་བརྒྱབ།
- ཉེ་བ་སྤྲང་པོ་ཡིན་རུང་གསོ་ཚོད་མེད། ཁྱིམ་མཚེས་རྐུན་མ་ཡིན་ཡང་ལྟ་ཚོད་མེད།
- རྐུན་མ་གཡག་ལ་དགའ༌། བླ་མ་རོ་ལ་དགའ༌།
- རྐུན་མ་ལ་སྡིག་པ་གཅིག རྒྱུ་བདག་ལ་སྡིག་པ་བརྒྱ།
- རྐུ་ལ་ཆེ་ཆུང་མེད། རྫུན་ལ་མང་ཉུང་མེད།
- བརྒྱགས་ན་ཆོས་དྲན། ལྟོགས་ན་རྐུ་དྲན།
- ཁྲམ་པས་མནའ་དང་ལྷན་ཟ། སྤྱང་ཀིས་སྤུ་དང་ལྷན་ཟ།
- ཁྲམ་པ་གདན་ཐོག་གིས་བཞག་ན་རྫུན་གྱི་འཁོར་ལོ་བསྐོར། གཡག་ཆད་ལ་ལ་བགོས་ན་གཅིན་གྱི་གཡུང་དྲུང་བྲིས།
- དགྲ་མ་རུང་ཁྲམ་པ་རྐུན་མ་གསུམ། ཡུལ་མི་སྐྱིད་སྡུག་གི་སྣ་འདྲེན་རེད།
- ཉིན་རྐུན་མིག་གིས་རིག་ནི། མཚན་རྐུན་ལག་པས་ཟིན་ནི།
- རྐུན་མ་སངས་རྒྱས་གར་ཡོད་མ་ཤེས།