Skip to main content Skip to search
28 Aug 2012
4 min 12 sec
Audio Overview
Creators: 
Bradley Aaron

ཨ་འཁོར་དགུན་ས། བཅར་འདྲི་བྱེད་ཡུལ། དར་རྒྱས། ལོ། 86 ཕོ་མོ། ཕོ། ཕ་ཡུལ། ཨ་འཁོར་དགུན་ས། དུས་ཚོད། 2011-7-2 བཅར་འདྲི་མཁན། རྡོ་རྗེ་རིན་ཆེན། ཅོ་ནེ་དཔོན་པོ་མདོ་སྨད་དུ་ས་མཚམས་སྲུང་དུ་ཡོང་དུས། དཔོན་པོའི་བླ་རི་དེ་གནས་དེ་ནས་བསྡད་ནས་མ་སོང་བར། དཔོན་པོས་གནས་དེ་ནས་ལབ་རྩེ་རྒྱག་རྒྱུ་ཐག་བཅད། ཨ་འཁོར་དགུན་སའི་གནས་འདི་ནས་ལབ་རྩེ་རྒྱག་རྒྱུའི་གྲ་སྒྲིག་བྱས་ནས་སྡེ་བ་དེ་ཐོག་མར་གནས་དེ་ནས་ཆགས་པ་རེད། ཨ་འཁོར་དགུན་ས་དེ་སྡེ་བ་བཞི་པོའི་ནང་གི་ཆེས་ཐོག་མ་ཡིན་ལ། ཅོ་ནེ་དཔོན་པོས་དྲུག་པའི་བཅོ་ལྔ་ལ་ཨ་འཁོར་བྲག་དཀར་(བླ་རི)དེ་བསྟོད་དགོས་ལ། དྲུག་པའི་བཅུ་གསུམ་ཉིན་ཅོ་ནེ་དཔོན་པོས་ཅོ་ནེ་མདོ་ནས་བླ་རིའི་མདའ་ཆེན་དེ་ཁུར་ཡོང་ལ། དྲུག་པའི་བཅུ་བཞིའི་ཉིན་ཨ་འཁོར་དགུན་སར་ཐོན་ནས་ངལ་གསོལ་མཛད་ལ། དྲུག་པའི་བཅོ་ལྔའི་ཉིན་ཅོ་ནེ་དཔོན་པོས་མདའ་ཆེན་དེ་ཁུར་ནས་ལབ་རྩེ་བསྟོད། ཡང་གནས་དེ་ན་བྲག་དཀར་རི་ཁྲོད་ཞེས་པ་ཞིག་ཡོད་ལ། དེར་གྲྭ་བ་བཅུ་གསུམ་ཡོད་དེ། གྲྭ་བ་དེ་དག་ནི་ཅོ་ནེ་དཔོན་པོའི་ཞབས་བརྟན་པ་ཡིན་ལ། ལོ་གཅིག་པོར་ཚེ་ལྷ་རྣམ་གསུམ་བསྒྲུབ་ནས་ལོ་སར་ཚེས་གཅིག་ལ་ལམ་ལ་ཆས་ནས་ཚེས་གསུམ་གྱི་ཉིན་མོར་ཅོ་ནེ་མདོར་སོང་ནས་ཅོ་ནེ་དཔོན་པོར་ལོ་གཅིག་་ལ་ཚེ་བསྒྲུབ་བྱས་པའི་ཚེ་རིང་རིལ་བུ་དེ་འབུལ་བ། རི་ཁྲོད་པ་དེ་དག་ལ་ཡོན་བདག་སོགས་ཡོད་མོད། གཙོ་བོ་ཅོ་ནེ་དཔོན་པོས་བདག་བྱས་ཡོད། རྗེས་སུ་ཨ་འཁོར་དགུན་སས་རི་ཁྲོད་དེ་བདག་བྱས་པ་རེད། རི་ཁྲོད་ཀྱི་བླ་མ་ཐོག་མ་ནི་མཁན་པོ་སྔགས་དབང་དགེ་ལེགས། རྗེས་སུ་ཨ་ལག་དཀོན་མཆོག་ཚང་རེད། དགུན་ས་ཟེར་དོན་ནི་ཅོ་ནེ་དབྱར་སའམ་འབྲོག་དེ་མཛོ་དགེ་ཕྱོགས་སུ་ཡོད་ལ།ཡང་ད་ལྟའི་གནས་འདི་གཙོ་བོ་ཞིང་ལས་གཉེར་བའི་རོང་བ་ཡིན་པས་མིང་ལ་དགུན་ས་ཞེས་ཐོག་སོང་། ཆེས་ཐོག་མར་ཨ་འཁོར་དགུན་ས་སྡེ་བར་ཁྱིམ་ཚང་༢༦ཡོད་ལ། ད་ལྟ་ཁྱིམ་ཚང་༤༡ཡོད་དོ། ད་ལྟ་སྡེ་བར་མི་གྲངས་༣༠༠ཡར་མར་ཙམ་ལས་མེད་། དེའི་ནང་སློབ་མ་ལྔ་བཅུ་དྲུག་བཅུ་ལྷག་ཙམ་ཡོད་། ཨ་འཁོར་ཕྱོགས་པས་དོན་དག་བཟང་ངན་གང་ཞིག་བསྒྲུབ་ན་ཐོག་མར་འགོ་འཛུགས་མཁན་ནི་ཨ་འཁོར་དགུན་ས་ཡིན། རྒྱུ་མཚན་ནི་ཨ་འཁོར་དགུན་ས་ནི་སྡེ་བ་བཞིའི་ནང་ནས་ཆེས་ཐོག་མར་ཆགས་པའི་སྡེ་བ་ཡིན་པའི་ཕྱིར་ཡིན་ནོ།

Transcript search
No results found for this search
0 of 0
  • ཅོ་ནེ་དཔོན་པོ་མདོ་སྨད་དུ་ས་མཚམས་སྲུང་དུ་ཡོང་དུས།
  • དཔོན་པོའི་བླ་རི་དེ་གནས་དེ་ནས་བསྡད་ནས་མ་སོང་བར།
  • དཔོན་པོས་གནས་དེ་ནས་ལབ་རྩེ་རྒྱག་རྒྱུ་ཐག་བཅད།
  • ཨ་འཁོར་དགུན་སའི་གནས་འདི་ནས་ལབ་རྩེ་རྒྱག་རྒྱུའི་གྲ་སྒྲིག་བྱས་ནས་སྡེ་བ་དེ་ཐོག་མར་གནས་དེ་ནས་ཆགས་པ་རེད།
  • ཨ་འཁོར་དགུན་ས་དེ་སྡེ་བ་བཞི་པོའི་ནང་གི་ཆེས་ཐོག་མ་ཡིན་ལ། ཅོ་ནེ་དཔོན་པོས་དྲུག་པའི་བཅོ་ལྔ་ལ་ཨ་འཁོར་བྲག་དཀར་བླ་རིདེ་བསྟོད་དགོས་ལ།
    ()
  • དྲུག་པའི་བཅུ་གསུམ་ཉིན་ཅོ་ནེ་དཔོན་པོས་ཅོ་ནེ་མདོ་ནས་བླ་རིའི་མདའ་ཆེན་དེ་ཁུར་ཡོང་ལ།
  • དྲུག་པའི་བཅུ་བཞིའི་ཉིན་ཨ་འཁོར་དགུན་སར་ཐོན་ནས་ངལ་གསོལ་མཛད་ལ།
  • དྲུག་པའི་བཅོ་ལྔའི་ཉིན་ཅོ་ནེ་དཔོན་པོས་མདའ་ཆེན་དེ་ཁུར་ནས་ལབ་རྩེ་བསྟོད།
  • ཡང་གནས་དེ་ན་བྲག་དཀར་རི་ཁྲོད་ཞེས་པ་ཞིག་ཡོད་ལ
  • དེར་གྲྭ་བ་བཅུ་གསུམ་ཡོད་དེ།
  • གྲྭ་བ་དེ་དག་ནི་ཅོ་ནེ་དཔོན་པོའི་ཞབས་བརྟན་པ་ཡིན་ལ།
  • ལོ་གཅིག་པོར་ཚེ་ལྷ་རྣམ་གསུམ་བསྒྲུབ་ནས་ལོ་སར་ཚེས་གཅིག་ལ་ལམ་ལ་ཆས་ནས་ཚེས་གསུམ་གྱི་ཉིན་མོར་ཅོ་ནེ་མདོར་སོང་ནས་ཅོ་ནེ་དཔོན་པོར་ལོ་གཅིག་་ལ་ཚེ་བསྒྲུབ་བྱས་པའི་ཚེ་རིང་རིལ་བུ་དེ་འབུལ་བ།
  • རི་ཁྲོད་པ་དེ་དག་ལ་ཡོན་བདག་སོགས་ཡོད་མོད།
  • གཙོ་བོ་ཅོ་ནེ་དཔོན་པོས་བདག་བྱས་ཡོད།
  • རྗེས་སུ་ཨ་འཁོར་དགུན་སས་རི་ཁྲོད་དེ་བདག་བྱས་པ་རེད།
  • རི་ཁྲོད་ཀྱི་བླ་མ་ཐོག་མ་ནི་མཁན་པོ་སྔགས་དབང་དགེ་ལེགས། རྗེས་སུ་ཨ་ལག་དཀོན་མཆོག་ཚང་རེད།
  • དགུན་ས་ཟེར་དོན་ནི་ཅོ་ནེ་དབྱར་སའམ་འབྲོག་དེ་མཛོ་དགེ་ཕྱོགས་སུ་ཡོད་ལ།ཡང་ད་ལྟའི་གནས་འདི་གཙོ་བོ་ཞིང་ལས་གཉེར་བའི་རོང་བ་ཡིན་པས་མིང་ལ་དགུན་ས་ཞེས་ཐོག་སོང་།
  • ཆེས་ཐོག་མར་ཨ་འཁོར་དགུན་ས་སྡེ་བར་ཁྱིམ་ཚང་༢༦ཡོད་ལ།
  • ད་ལྟ་ཁྱིམ་ཚང་༤༡ཡོད་དོ།
  • ད་ལྟ་སྡེ་བར་མི་གྲངས་༣༠༠ཡར་མར་ཙམ་ལས་མེད་།
  • དེའི་ནང་སློབ་མ་ལྔ་བཅུ་དྲུག་བཅུ་ལྷག་ཙམ་ཡོད་།
  • ཨ་འཁོར་ཕྱོགས་པས་དོན་དག་བཟང་ངན་གང་ཞིག་བསྒྲུབ་ན་ཐོག་མར་འགོ་འཛུགས་མཁན་ནི་ཨ་འཁོར་དགུན་ས་ཡིན།
  • རྒྱུ་མཚན་ནི་ཨ་འཁོར་དགུན་ས་ནི་སྡེ་བ་བཞིའི་ནང་ནས་ཆེས་ཐོག་མར་ཆགས་པའི་སྡེ་བ་ཡིན་པའི་ཕྱིར་ཡིན་ནོ།