31 Dec 2016
8 min 22 sec
Audio Overview
Creators:
Gangsol Folk Culture Preservation Project
- སྡེ་དགེའི་གླུ་རིང་མ། བདེ་མགོན། རྣམ་དཀར་བཟང་པོས།
- དགོང་ཨ་སྔོན་ཡོ་ལིའི་ཞབས་ནས། །
- ས་དོག་མོའི་ལྗོན་ཤིང་རྩ་འི། །
- ཡུལ་སྡེ་བར་མི་གསལ་ས་བོར། །
- གཟའ་རྩེ་མགོ་འཇོག་ནི་ཁྱེད་རེད། །
- སྦྲ་ནག་གྲི་བཞིའི་ནང་གི།
- དོ་བྲག་རི་འདྲ་བོའི་རྩབ་ཀི །
- ཨ་འཇམ་ཚར་དཀར་ནང་གི །
- བལ་སྟན་གྲི་བཞིའི་ཁུག་ནས། །
- ཁྱིམ་བཟའ་བར་མི་གསལ་ས་བོར། །
- འདང་ཞེ་རྩིས་རྒྱག་ནི་ང་རེད། །
- སྐྱ་གསལ་ལེ་ནམ་མཁའ་ལངས་དུས། །
- མིག་མ་ཚུགས་མར་རི་བལྟས་ད། །
- ཕྱུག་ཡར་དར་ཕ་ཁུས་སྒོ་ནས། །
- རྟ་བཏགས་གི་རྟ་མང་ཁྱུ་ན། །
- ཁྱོས་རྟ་མཆོག་འདོ་བ་གཡུ་འཛི།
- ཐོད་པའི་གདོང་བརྒྱན་ཐོག་ག།
- སྲབ་མེ་ཏོག་མ་བོ་བཞག་གེ། །
- སྒ་འཇའ་དྲུག་མ་བོ་བསྟད་དེ། །
- སྒའི་སྔ་རི་ཉི་མ་རང་ཤར། །
- ཕྱི་རི་སྒྲོལ་མ་རང་འགུགས། །
- སྒ་ཁོག་སང་གེ་འགྱིང་ཡག །
- སྒའི་ཐོག་ཤིང་བེ་ལོ་དཀར་པོ། །
- སྒེ་ཧོ་ཤན་དགེ་འདུན་དམར་པོ། །
- བལ་སྟན་འཇའ་རིས་དགུ་བརྒྱན། །
- ཡོབ་ཆ་ཉིས་ཉི་ཟླ་ཁ་སྤྲོད། །
- ཁྱོད་མི་འདུག་ཡུལ་ལ་ཡོང་དུས། །
- ལམ་ཕྲ་བུ་མ་བོའི་སྟེང་ང་། །
- གོམ་ཞིག་གུ་མ་བོ་སྤོས་ནས། །
- ཁྱོ་འགྲོ་ནིའི་ཤར་ལོའི་སྐྱིད་གྱ(ཨང་)། །
- ཁྱོས་རྟ་མཆོག་འདོ་བ་གཡུ་འཛི། །
- ཤ་ཅི་གསོག་ཤ་བའི་ལན་རེད། །
- རྒྱུག་གོམ་པ་གཤོག་ཐོག་བྱ་རེད། །
- བྱ་གཤོག་འཛིན་ཤར་ལུ་ཁྱོད་རེད། །
- ཁྱོས་ཕྱག་གཡས་བ་དན་མདོང་རེད། །
- ད་མདོང་རྟེན་གོར་མོ་རྡོ་རེད། །
- རོགས་དུང་སེམས་ཅན་པོའི་དོན་རེད། །
- ཁྱོས་མདོང་སྐེད་ཚ་གྲང་སྨན་རེད། །
- གཟའ་མགོ་ལུས་འཛོམས་ཀྱི་དོན་རེད། །
- ཁྱོས་མདོང་རྩེ་ཐུག་ནག་དགྲ་རེད། །
- དགྲ་འདུལ་འདོད་ཕ་ཁུའི་ཁྱིམ་རེད། །
- སྟག་དམར་ཡག་ཆུང་འདྲིས་འཕྲིན་ལོ། །
- ཁྱོས་རྒྱབ་གི་ཁྲ་རིང་རྭ་གཉིས། །
- ཤ་ཟ་འདོད་ཤན་པའི་གྲི་ཐོག །
- དགྲ་འདུལ་འདོད་ཐོག་དམར་རྭ་གཉིས། །
- གཅིག་འཕང་ནས་ཤོར་རབས་མེད་ཀི །
- ཤོར་སོང་ན་སྔོན་མའི་ལས་རེད། །
- ཁྱོའི་ཁོག་སྟོད་གུར་ཁང་ང་། །
- དངུལ་དཀར་སྤུངས་ཙེའི་ནང་གི། །
- ཁྱོའི་ཞིམ་པོའི་ད་ཞིག་འཐེན་ན། །
- ཁྱོས་དལ་མོས་འདང་ཞིག་རྒྱོབས་དང་། །
- གཏམ་གོ་ན་གོ་བ་འདིར་ཡོད། །
- ཁྱོ་བདེན་བདེན་བདེན་ན་ཁྱོ་བདེན། །
- བྱང་མི་ར་ཁྲ་ཡག་རྫ་རེད། །
- རྫ་ཁྲ་ཁྲ་འཁོར་གི་གཞི་རེད། །
- ནང་འཛི་སྐོར་འབྲོང་མོ་ཁྱུ་ཚིག
- འབྲོང་བྲེ་བཙན་ཁྱུ་བོའི་གྲབ་ནས། །
- རྭ་སྨུག་པོས་འཇུ་བཙན་ཕུན་ལོ། །
- རྭ་འགུག་གི་གཞུ་མོའི་ནང་ཤན། །
- མདའ་འཕེན་འདོད་སྟག་མོ་སྤུན་བདུན། །
- ཁྱོའི་ཕ་ལོ་བྲེ་སེར་འབྲོང་རེད། །
- ངའི་ཕྱོགས་ག་རྭ་ཁ་སྐོར་གི །
- སྔིན་སྣ་ས་སོག་ཧོ་ཚང་ལ། །
- སེམས་གངས་དཀར་སོག་ཧོའི་འཇིགས་རབ། །
- ཁྱོས་མགོ་ལུས་ནམ་མཁའི་སྲོག་ཤིང་། །
- ལྷ་རང་བྱུང་བསོད་ནམས་སྒྲོལ་མས། །
- ལས་སྔོན་ལས་མཚོ་ཆེན་དྭངས་མ། །
- སྲམ་སྐྱ་སྨུག་མཚོ་ཡ་འཁོར་རུང་། །
- ཉེས་ཐག་ཆོད་རྨ་ཆུ་ལུ་མའི། །
- ཆུ་ཟམ་པ་བྲལ་གི་དཔེ་མེད། །
- ཡུལ་སྡེ་བ་ཤོག་གུའི་རླུང་རྟ། །
- རླུང་གཡུག་གི་ཤོག་སྒྲ་ཇེ་ཆེ། །
- ཁྲེལ་མི་ཁ་ཆར་རླུང་འཐུབ་མ། །
- ཆར་བབས་ན་གཙང་བོ་ཇེ་ཆེ། །
- མགོ་རྣམ་ལོང་རྟ་འིས་ཉོས་དགོས། །
- གཞི་འཁོར་བ་ཐབས་ཀྱིས་འཛིན་དགོས། །
- རྒྱུ་བསོག་པ་སྔོན་གི་ལས་ཡིན། །
- ངའི་ཕ་ལོ་དགའ་ལྡན་ནག་རེད། །
- ང་བོ་ཞེས་(བུ་མོ་)སྨྲེང་བྱ་ཁུ་ལོ། །
- གཅིག་གྲགས་གེ་རྣ་ཡ་སྙན་ན། །
- རོགས་མི་འགལ་ཚིག་རེ་ཡོད་ན། །
- གཞི་དང་འཁོར་བའི་རྩབ་ཀི །
- སྐྱིད་རིང་པོའི་རྔ་མ་ངས་སྐྱོངས། །
- ནགས་དགའ་ལྡན་ལོ་ཟིས་དཀྱིལ་ན། །
- ཤིང་ད་སྐྱེ་ཆུང་འདྲིས་རོགས་ལོ། །
- ཁ་སླ་མོས་སྤྲང་ཆར་བབས་རུང་། །
- ལུས་སླ་མོས་རྩི་ཐོག་རྒྱས་རུང་། །
- ཉ་སྲམ་ཡག་མཚོ་ལ་འཁོར་རུང་། །
- མཚོ་སྙོག་གེ་དྭངས་ཐབས་དཀའ་འི། །
- ཁྱོ་མ་འདུག་གནས་ལ་སོང་ནས། །
- གཞི་འཁོར་བའི་ཉམས་རྒྱུས་བླངས་ངས། །
- གཟའ་ཚེ་རོགས་འཛུམ་གྱིས་བསུ་དགོས། །
- ནང་རྒན་པ་བྱམས་ཀྱིས་སྐྱོང་དགོས། །
- ཕྱི་སྡེ་བ་དགའ་ཡེ་བསུ་དགོས། །
- ཁ་བགད་དེ་མགྲོན་ངོ་ལེན་དགོས། །
- ལག་གཙང་མས་ཇ་འདྲེན་བྱེད་དགོས། །
- བྱམས་སྙིང་རྗེ་རྒྱུད་ན་ཡོད་ན། །
- རོགས་ཁྱོ་འི་བསོད་ནམས་དར་གི །
- ང་སེམས་དཀར་ཁ་ཏ་འདི་ཡོད། །
- ས་རྫ་ཉག་ཤུག་འདབས་ཐང་གི །
- རོགས་འུ་ཉིས་ཐུག་ག་དེ་རིང་། །
- ད་མ་བརྗེད་སེམས་ལ་ཟུངས་དང་།།
- རོགས་ཁྱིར་གི་ཞེ་རྩིས་རྒྱོབས་དང་། །
- ལས་དབང་ང་ཡོད་པའི་སྐབས་བ། །
- ཁྱོ་མི་འགྱུར་བརྟན་པོར་སྒུག་དང་། །
- ངས་མི་བརྗེད་བསྐོར་ནས་ཐོན་ཡོང་། །
- ས་གར་སོང་སྐུ་ཁམས་བདེ་དགོས། །
- དོན་ཅི་བསྒྲུབ་ལག་ལ་ཐོན་དགོས། །
- བཀྲ་ཤིས་པའི་ཉོན་མོ་ཞིག་ལ། །
- ཁྱོ་འུ་ཉིས་འཛོམས་བསྐལ་ལོས་འཆར། །
- ཁྱོད་མ་འཚེར་བདེ་མོ་སྡོད་དང་། །
- ང་མི་འགྱིང་བསྐོར་ནས་ཐོན་ཡོང་། །
- སེམས་མཐུན་པའི་བདེན་ཚིག་སྨོན་ལམ། །
- ངེད་གཉིས་ཀས་མཉམ་དུ་ལོས་འདེབས། །