22 Dec 2016
30 sec
Audio Overview
Creators:
Gangsol Folk Culture Preservation Project
- སྟོད་ཡོས་འི་རི་མགོ་མང་ང་བོ།།
- དེའི་ནང་གི་རི་མགོ་མཐོ་ཡ་བོ།།
- རོགས་ཡོད་དུས་རོགས་གི་རྒྱབ་རི་རེད།།
- རོགས་མེད་དུས་སེམས་གི་རྨོངས་རི་རེད།།
- ངས་རྨོངས་ཐོག་བསང་གསུམ་ཧུད་ཡོད་བོ།།
- ངའི་བསང་མགོ་རོགས་གིས་ཨི་རིག་འ།།
- བར་ཧོས་འུ་ཆུ་མགོའི་མང་ང་བོ།།
- དེའི་ནང་གི་ཆུ་མགོའི་དྭངས་ང་བོ།།
- རོགས་ཡོད་དུས་རོགས་གི་འཐུང་ཆུ་རེད།།
- རོགས་མེད་དུས་སེམས་གི་རྨོངས་ཆུ་རེད།།
- ངས་རྨོངས་ཐོག་མཆོད་གསུམ་འཕང་ན་བོ།།
- ངའི་མཆོད་མགོ་རོགས་གིས་ཨི་རིག་འ།།
- སྨད་མོས་འི་སྡེ་བ་མང་ང་བོ།།
- དེའི་ནང་གི་ཁྱིམ་ཚང་ཕྱུག་འ་བོ།།
- རོགས་ཡོད་དུས་རོགས་གི་ཕ་ཁྱིམ་རེད།།
- རོགས་མེད་དུས་སེམས་གི་རྨོངས་ཁྱིམ་རེད།།
- ངས་རྨོངས་ཐོག་གླུ་གསུམ་བླངས་ན་བོ།།
- ངའི་གླུ་མགོ་རོགས་གིས་ཨི་ཚོར་རོ།།