19 Dec 2016
50 sec
Audio Overview
Creators:
Gangsol Folk Culture Preservation Project
- སྟོད་ཡོས་ན་རི་ཟིག་རིག་རྒྱུ་བོ།།
- འདིའི་གཡས་རི་གསེར་རི་སེར་པོ་རེད།།
- འདིའི་གཡོན་རི་ཁམ་པ་སྨུག་རི་རེད།།
- འདིའི་མདུན་རི་དུང་རི་དཀར་པོ་རེད།།
- འདིའི་རྒྱབ་རི་མཆོང་རི་སྨུག་པོ་རེད།།
- འདིའི་མགོ་ན་ཟོག་ཟིག་རིག་རྒྱུ་བོ།།
- ཤྭ་ཕོ་ཆེན་སྙིང་ལ་རྗེ་མོ་རེད།།
- འདིའི་ཡར་ཐོད་བརྒྱན་ཟིག་རིག་རྒྱུ་བོ།།
- མགོའི་དུང་རྭ་ཡར་རྒྱས་ཡར་སྨོན་རེད།།
- ཤིང་མི་འདྲ་ཤིང་བཞིའི་ཤིང་དཀྱིལ་ན།།
- ཤིང་མི་གཅིག་ཤིང་ཟིག་རིག་རྒྱུ་བོ།།
- འདིའི་གཡས་ཤིང་ལྷ་ཤིང་ཤུག་ལོ་རེད།།
- འདིའི་གཡོན་ཤིང་ཙ་རིའི་བྲར་ཤིང་རེད།།
- འདིའི་མདུན་ཤིང་ཨ་དཀར་སྒྲོན་ཤིང་རེད།།
- འདིའི་མགོ་ན་བྱ་ཞིག་གྲགས་རྒྱུ་བོ།།
- འདི་ལྷ་བྱ་ཀུན་དགའ་ཉི་མ་རེད།།
- བྱ་འགྲོ་ས་དག་པའི་ཞིང་ཁམས་རེད།།
- ཞེ་ཆགས་རུང་མི་འགྲོ་ག་མེད་རེད།།