21 Dec 2016
37 sec
Audio Overview
Creators:
Gangsol Folk Culture Preservation Project
- བྱ་ཁུ་ལོ་འཁྲུངས་ས་མོན་ཡུལ་རེད།།
- སེམས་ཁྱ་མོ་ཆགས་ས་བོད་ཡུལ་རེད།།
- ས་བོད་ཡུལ་ཕ་མ་མ་རེད་ད།།
- གསུངས་སྙན་མོ་སྒྲོག་ས་བོད་ཡུལ་རེད།།
- རྒོད་ཐང་དཀར་འཁྲུངས་ས་བྲག་དཀར་རེད།།
- སེམས་ཁྱ་མོ་ཆགས་ས་ཨ་སྔོན་རེད།།
- དགོང་ཨ་སྔོན་ཕ་མ་མ་རེད་ད།།
- རྒྱབ་གཤོག་དྲུག་ངོམས་ས་ཨ་སྔོན་རེད།།
- སྨན་བུ་མོ་འཁྲུངས་ས་ཕ་མ་རེད།།
- སེམས་ཁྱ་མོ་ཆགས་ས་ཤར་ལི་རེད།།
- སྐྱེས་ཤར་ལི་ཕ་མ་མ་རེད་ད།།
- ལས་སྐྱིད་སྡུག་བརྗོད་ས་ཤར་ལི་རེད།།