22 Dec 2016
26 sec
Audio Overview
Creators:
Gangsol Folk Culture Preservation Project
- སྒའི་སྔ་རི་སེར་པོ་གསེར་ར་གྲུབ།།
- གསེར་སེར་པོའི་ནང་གིས་སྔོན་ལ་ལྟོས།།
- དབུས་ལྷ་སའི་གསེར་ཁང་ཁྲིགས་སེ་ཡོད།།
- ཐག་རིང་ནི་གོ་ད་འགྲོ་ནི་ཡིན།།
- སྒའི་ཡོབ་ཆེན་སྒོར་མོ་དུང་ང་གྲུབ།།
- དུང་སྒོར་མོའི་ནང་གིས་ཐད་ད་བལྟས།།
- ཤ་ཚ་རྒྱུའི་ཆུང་འདྲིས་ཤུལ་ན་ལུས།།
- ཤ་ཚ་ནི་གོ་ད་འགྲོ་ནི་ཡིན།།
- སྒའི་ཕྱི་རི་དཀར་པོ་དངུལ་ལ་གྲུབ།།
- སྒའི་ཕྱི་རིའི་ནང་གིས་ཕྱིར་ར་བལྟས།།
- དྲིན་ཆེ་བའི་མ་ལོ་ཤུལ་ན་ལུས།།
- དྲིན་ཆེ་ནི་གོ་ད་འགྲོ་ནི་ཡིན།།