05 Jan 2017
1 min 33 sec
Audio Overview
Creators:
Gangsol Folk Culture Preservation Project
- སྐྱིད་སྡུག་སྐྱ་སྔོན།
- སྐྱེ་ཕོ་བརྒྱའི་ནང་གི་མོ་གཅིག་སྐྱིད། སྨན་མོ་བརྒྱའི་ནང་གི་ཕོ་གཅིག་སྡུག
- སྐྱིད་རྒྱུ་མེད་གི་ས་མཐའ་རེད། སྡུག་རྒྱུ་མེད་ཀི་རང་བློ་རེད།
- དགའ་བའི་དགའ་རྡོ་འཕེན་སས་མི་དགའི་ཀླད་རྡོ་སྤྲད།
- མི་རིལ་མ་གནམ་རྡིབ་ན། ཁྱི་རིལ་མ་ལོ་ཡག
- སྐྱིད་རྟ་ཕོའི་གོང་ནས་འཕོངས་ཤ་ན། སྡུག་ཁུར་པོའི་ཞབས་ནས་གླུ་ཆུང་ལེན།
- སྐྱིད་ཀྱི་སྐད་སྒྲ་མ་ཆེ། སྡུག་གི་ཁ་ཕོར་མ་ཆུང༌།
- སྐྱིད་ན་ནམ་མཁའི་བྱ་འཁོར། སྡུག་ན་མཆན་གྱི་བུ་བྲོས།
- སྐྱིད་ལ་མ་སྔ། སྡུག་ལ་མ་ཕྱི།
- ཉིན་ལ་མ་བསགས་མཚན་ལ་བསགས། སྐྱིད་ལ་མ་བསགས་སྡུག་ལ་བསགས།
- ཕོ་སྐྱིད་འདོད་ཀྱིས་རྟ་ཕོ་གཉིས་གཤིབས། ཕོ་སྡུག་འདོད་ཀྱིས་ཆུང་མ་གཉིས་གཤིབས།
- སྐྱིད་ཉི་མ་སེར་པོ། རྒྱ་ཤོ་མིག་ཁྲ་མོ།
- སྐྱིད་ཀྱི་བན་དེ་ལོ་གསུམ་སྡུག སྡུག་གི་མནའ་མ་ཞག་གསུམ་སྐྱིད།
- སྐྱིད་སྡུག་གི་རྣམ་ཐར། ཡུལ་ངན་གྱི་འཁྱག་ལྟོགས།
- མགོ་ནག་སྐྱིད་སྡུག་གནམ་གྱི་ལག གོ་ཁ་དྲོན་པོ་རང་གི་ལག
- སྐྱིད་སྡུག་མེ་མཆུའི་མགོ་རྔ་ཡིན།
- མི་ལ་སྐྱིད་རེས་སྡུག་རེས། ས་ལ་སྐྱ་རེས་སྔོ་རེས།
- སྐྱིད་རེ་སྡུག་རེ་མ་བརྒྱུད་ན། སྐྱིད་སྡུག་ཁ་ཁ་འབྱེད་རྒྱུ་དཀའ།
- སྐྱིད་ཀྱི་རྟ་ཕོ་མཉམ་བཞོན། སྡུག་གི་ཁུར་པོ་མཉམ་ཁུར།
- མ་ཁ་བཙན་ཆེ་ན་བུ་མོ་གནས་ན་སྐྱིད། ཕ་ཁ་བཙན་ཆེ་ན་བུ་ལོ་རི་ན་སྐྱིད།
- རྟ་ལུང་ནང་ལ་མུན་རུབ་ན། ཁྱི་ལུང་ནང་ལ་ཉི་མ་ཤར།
- སྐྱིད་ཀྱི་མགོ་སྦྲ་ཆུང་ན་དགའ། མི་ཐག་ཉིན་ཞིག་ཡོད།
- སྡུག་གི་ཁ་ཕོར་ཆེ་ན་དགའ། མི་ཆུད་ཉིན་ཞིག་ཡོད།
- ཁངགསར་ལོ་གསུམ་ལ་སྡུག སྦྲ་སར་ལོ་གསུམ་ལ་སྐྱིད།