05 Jan 2017
1 min 44 sec
Audio Overview
Creators:
Gangsol Folk Culture Preservation Project
- སྐྱིན་པ་ཆུ་ཡིན་རུང་འཇལ་དགོས།
- བསམ་པ་མི་ལ་ནག་ན། སྦྱོར་བ་རང་ལ་འཁོར།
- ཨ་རོགས་ལ་ལྟ་ས། ཁྱིམ་མཚེས་ལ་ཉན་ས།
- མི་གཏམ་ངོར་བལྟས་ནས་བཤད་ན་ངོ་མི་ཚ། རལ་བ་ལྟག་ནས་མདུད་ན་ངོ་མི་ཡོལ།
- གཟུ་ཡ་མེད་འཕང་ན་ཁེ་རྒྱུ་མེད། འཇའ་ཁ་དོག་ཡག་རུང་འཛིན་རྒྱུ་མེད།
- རང་ཐོག་ལ་དཔེ་བཞག་ནས། མི་ཐོག་ལ་སྐད་ཆ་བཤད་དགོས།
- བརྒྱ་ཐམ་པའི་ཁ་ཁེབས་ནའ། སྟོང་ཐམ་པའི་མིག་མི་ཁེབས།
- བརྗེད་མི་ཉན་སེམས་ཀྱིས་འཛིན་དགོས། འབོར་མི་ཉན་གློ་ལ་འདོགས་དགོས།
- མི་ཆུང་ཆུང་གིས་བར་བ་མི་ཡོང༌། རྡོ་ཆུང་ཆུང་གིས་རྩིག་རྡོ་མི་འོང༌།
- ཤི་ཁ་གཏམ་མ་མང༌། ཉལ་ཁ་ཆུ་མ་མང༌།
- ཁབ་རྩེ་གཉིས་ཀྱིས་བཟོ་མི་ཡོང༌། བློ་རྩེ་གཉིས་ཀྱིས་དོན་མི་ཡོང༌།
- ཆོས་མི་ལ་བཤད་ན། སྡོམ་པ་རང་ལ་ཡོད་དགོས།
- སེང་གེའི་རྒྱན་ཆ་གཡུ་རལ། མིའི་རྒྱན་ཆ་ཡོན་ཏན་ཡིན།
- མི་ངན་པའི་ཁ་གཙེ་ན། བཟང་བོའི་སྣ་ཕབ།
- མ་ཤེས་ཤེས་ཁུལ་བྱས་ན་མཚང་ཡིན། ཤེས་པ་ཁོག་ཏུ་སྦས་ན་སྐྱོན་ཡིན།
- གཙང་ཆབ་སྔོན་མོ་འགྲོ་བདག་རེད། གད་པ་སྐྱ་བོ་འདུག་བདག་རེད།
- མ་ཤེས་ན་རྒན་ལ་དྲིས། མ་རིག་ན་སྒང་ལ་བུད།
- ཁྲིམས་ཀྱི་ཡ་ཐག་སྡོམ། ཐག་གི་མ་ཐག་སྡོམ།
- ཁ་གྲུ་བཞི་ལྕགས་ཁང་སྒོ་མེད་རེད། ཚིག་ཤོར་ན་ར་མདའ་རྗེས་མེད་རེད།
- མཐོ་ན་དགའ༌སྟེ། དམའ་ན་བརྩན།
- སྔ་ཚིག་དྭངས་མ་དེ་གཙོ་ཆེ། རྒྱ་ལམ་བར་མ་དེར་ཞན་བདེ།
- གཏམ་གོ་ཡག་མ་བྱས་ན་ཚིག་མ་བཤད། དོན་རྟོགས་ཡག་མ་བྱས་ན་མནའ་མ་སྐྱེལ།
- གཏམ་དང་ཉག་ཕྲན་དྲང་ན་དགའ་། ལམ་དངགཞུ་མོ་འཁྱོགས་ན་དགའ་།
- ལྕགས་ངར་མས་ཐལ་མི་ལེན་ནི་དང་ཤིང་ཁྱ་མས་ཆུ་མི་ལེན་མེད།
- དགྲ་བརྙས་ཀྱི་བུ་འཆི། ཆུ་བརྙས་ཀྱི་ལྷམ་བངས།
- གཏམ་ཁ་སྒོར་བུད་ན་རྒྱ་སྒོ། རྒྱ་སྒོར་བུད་དུས་རྒྱལ་ཁམས་ཡིན།
- སྔ་དྲོ་མ་ཤེས་དུག་འཐུང་ན། ཕྱི་དྲོ་ཤེས་པ་སྨན་གྱིས་གསོས།
- བློ་ཤེས་ཆེན་ལ་མ་འདྲི། བསམ་དཀར་ལ་དྲིས།
- མགོ་ནག་མི་མགོ་རྣ་དགོས། ཕྱུག་རྩོང་ཟོག་ལ་རྭ་ཁ་དགོས།
- བསམ་པ་ཡར་སེམས་ཟུངས། སྐུད་པ་ཡར་འཁེལ་གྱིས།
- གཏམ་འགོ་རྐང་འགྲིག་ན་ཉན་བདེ། ཟས་ཟ་ཚོད་ཟིན་ན་ལྟོ་བདེ།
- བསམ་པ་ཡར་སྐུལ་གླིང་དཀར་སྟོད་ད་བཟུང་ཡོད། ལྷ་ངོ་ཡར་ཞུ་དགོང་སྔོན་གནམ་མ་ཞུ་ཡོད།