28 Dec 2016
21 sec
Audio Overview
Creators:
Gangsol Folk Culture Preservation Project
- ཤིང་ཤིག་ལོ་ཨ་ཁྲ་པ་ཊ་རེད།།
- བྱ་ཁུ་ལོའི་སྐུ་ལུས་ཆུང་ཆུང་རེ།།
- སྐུ་ཆུང་རུང་གསུང་སྐད་སྙན་མོ་རེད།།
- ཞྭ་ཧུད་ནས་ཉན་སྙིང་བྲོད་ས་རེད།།
- ཐང་ཆེ་བོ་ཨ་ཁྲ་པ་ཊ་རེད།།
- རྟ་མདོ་བའི་སྐུ་ལུས་ཆུང་ཆུང་རེ།།
- སྐུ་ཆུང་རུང་གོམ་ལག་བདེ་མོ་རེད།།
- ལྕག་གཤད་དེ་རྒྱུག་སྙིང་བྲོད་ས་རེད།།
- སྡེ་ཆེ་བོ་ཨ་ཁྲ་པ་ཊ་རེད།།
- སྨ་བོ་ལོའི་སྐུ་ལུས་ཆུང་ཆུང་རེ།།
- སྐུ་ཆུང་རུང་ཤ་ཁ་འཇམ་པོ་རེད།།
- ཚིག་བཤད་དེ་རྩེ་སྙིང་བྲོད་ས་རེད།།