28 Dec 2016
35 sec
Audio Overview
Creators:
Gangsol Folk Culture Preservation Project
- རྫ་ཁྲ་ཡག་དུང་གི་དབུ་ཞུ་ཅན།།
- འདི་གོན་རྒྱུ་རེད་ད་ཧུད་རྒྱུ་རེད།།
- རི་སེར་ཡག་སྨུག་འུ་སྐེད་ཆིངས་ཅན།།
- འདི་བཅིང་རྒྱུ་རེད་ད་བཤིག་རྒྱུ་རེད།།
- མཚོ་སྔོན་མོ་དུང་གི་ཁ་ལེབ་ཅན།།
- འདི་འགེབས་རྒྱུ་རེད་ད་ལེན་རྒྱུ་རེད།།
- རྫ་ཁྲ་ཡག་དུང་གི་དབུ་ཞུ་འདི།།
- དབྱར་ཟླ་གསུམ་མ་ལེན་རྒྱུ་རེད།།
- དགུན་ཟླ་གསུམ་མ་གོན་རྒྱུ་རེད།།
- རི་སེར་ཡག་སྨུག་འུ་སྐེད་ཆིངས་འདི།།
- དབྱར་ཟླ་གསུམ་མ་བཅིང་རྒྱུ་རེད།།
- དགུན་ཟླ་གསུམ་མ་བཤིག་རྒྱུ་རེད།།
- མཚོ་སྔོན་མོའི་དུང་གི་ཁ་ལེབ་འདི།།
- དབྱར་ཟླ་གསུམ་མ་ལེན་རྒྱུ་རེད།།
- དགུན་ཟླ་གསུམ་མ་འགེབས་རྒྱུ་རེད།།