28 Dec 2016
36 sec
Audio Overview
Creators:
Gangsol Folk Culture Preservation Project
- རྨེ་ཨ་མཚེ་བསེན་མཚེ་བསེན་མའི་མཚེ།།
- བསེན་མའི་མཚེ་ལུང་གོང་མ་ན།།
- འབྲི་ཐིའུ་མས་རྫ་རྩྭ་ཟ་འདོད་རེད།།
- དེའི་འཕེས་འཕེལ་ཐོག་ཤད་དང་ཤད་མོ་རེད།།
- དེའི་ཡང་ཐོག་མར་དང་ཆུར་བ་རེད།།
- རྨེ་ཨ་མཚེ་བསེན་མཚེ་བསེན་མའི་མཚེ།།
- བསེན་མའི་མཚེ་ལུང་བར་མ་ན།།
- རྟ་མདོ་ལོས་རྫ་རྩྭ་ཟ་འདོད་རེད།།
- དེའི་འཕེས་ཐོག་ཐོར་དང་ཐོར་མོ་རེད།།
- དེའི་ཡང་ཐོག་འགྲ་དང་གོམ་པ་རེད།།
- རྨེ་ཨ་མཚེ་བསེན་མཚེ་བསེན་མའི་མཚེ།།
- བསེན་མའི་མཚེ་ལུང་འགབ་མ་ན།།
- ལུག་ཚེ་རིས་རྫ་རྩྭ་ཟ་འདོད་རེད།།
- དེའི་འཕེས་ཐོག་ཚེར་དང་ཚེར་མོ་རེད།།
- དེའི་ཡང་ཐོག་པེ་ཐུའི་བྱིང་ཕྱིང་བ་རེད།།