27 Dec 2016
30 sec
Audio Overview
Creators:
Gangsol Folk Culture Preservation Project
- རྨེ་ཧ་རུའི་རྟ་ཉོ་འགྱོ་ནི་ཚོ།།
- རྟ་ཉོ་ཉེས་མ་ཡས་ཕ་བཟང་བུ།།
- ཕྱིའི་བསུ་འ་སྤུ་མདོག་ཟིག་འ་མ་ལྟ་བོ།།
- འགྲ་འགྲོས་གོམ་པའི་ཉམས་རྒྱུས་ལེན་ཡག་ཆུས།།
- རྨེ་ཧ་རུའི་བོས་མེ་མདའ་ཉོ་འགྱོ་ནི་ཚོ།།
- བོས་ཉོ་ཉེས་མ་ཡས་ཕ་བཟང་བུ།།
- ཕྱི་ལྕགས་སྒོ་ཟིག་འ་མ་ལྟ་བོ།།
- ནང་གཟུ་འབབ་ཉམས་རྒྱུས་ལེན་ཡག་ཆུས།།
- རྨེ་ཧ་རུའི་རོགས་ཉོ་འགྱོ་ནི་ཚོ།།
- རོགས་ཉོ་ཉེས་མ་ཡས་ཕ་བཟང་བུ།།
- ཕྱིའི་ཤ་ཁ་ཟིག་འ་མ་ལྟ་བོ།།
- ལག་དལ་རྒྱུའི་ཉམས་རྒྱུས་ལེན་ཡག་ཆུས།།