28 Dec 2016
37 sec
Audio Overview
Creators:
Gangsol Folk Culture Preservation Project
- རྨེ་སེའུ་དཀར་སེའུ་ལུང་གོང་མ་ན།
- མཛོ་ཁྱུང་ལོས་སྣ་ཐག་དྲུད་དེ་ཐལ།
- འཛིན་ཟེར་ན་རྒྱལ་བོའི་ཇ་མཛོ་རེད།
- སྐྱུར་ཟེར་ན་རྭ་ཁ་ཡག་མོ་རེད།
- བློ་ཡག་ཉེས་མེད་དེ་འཛིན་ན་འཇོག
- མཛོ་དགུ་འཇལ་ཤོར་རུང་སྔོན་ལས་རེད།
- རྨེ་སེའུ་དཀར་སེའུ་ལུང་བར་མ་ན།
- རྟ་འདོ་ལོས་སྲབ་མདའ་དྲུད་དེ་ཐལ།
- འཛིན་ཟེར་ན་དཔོན་ལོའི་ཆིབས་པ་རེད།
- སྐྱུར་ཟེར་ན་གོམ་ལག་བདེ་མོ་རེད།
- བློ་ཡག་ཉེས་མེད་དེ་འཛིན་ན་འཇོག
- རྟ་དགུ་འཇལ་ཤོར་ན་སྔོན་ལས་རེད།
- རྨེ་སེའུ་དཀར་སེའུ་ལུང་འོག་མ་ན།
- སྨན་བུ་མོས་རས་ལྕུགས་དྲུད་དེ་ཐལ།
- འཛིན་ཟེར་ན་རྒྱལ་བོའི་ཆུང་མ་རེད།
- སྐྱུར་ཟེར་ན་ཤ་ཁ་ཡག་མོ་རེད།
- བློ་ཡག་ཉེས་མེད་ད་འཛིན་ན་འཇོག
- སྨན་དགུ་འཇལ་ཤོར་ན་སྔོན་ལས་རེད།