26 Dec 2016
38 sec
Audio Overview
Creators:
Gangsol Folk Culture Preservation Project
- རྨེ་སེའུ་དཀར་སེའུ་ལུང་གོང་མ་ན།།
- མཛོ་ཁྱུང་ལོས་སྣ་ཐུག་དྲུད་གི་ཐ།།
- འཛིན་བཟས་ད་རྒྱལ་པོའི་ཇ་མཛོ་རེད།།
- བསྐྱུར་བཟེས་ད་རྭ་ཁ་ཡག་མོ་རེད།།
- བློ་ཡག་ཉེས་མེད་དེ་འཛིན་ན་འཇོག།
- མཛོ་དགུ་འཇའ་ཤོར་ན་རང་བློ་རེད།།
- རྨེ་སེའུ་དཀར་སེའུ་ལུང་བར་མ་ན།།
- རྟ་མདོ་ལོས་ཧྲབ་མདའ་དྲུད་གི་ཐ།།
- འཛིན་བཟས་ད་དཔོན་ལོའི་ཆིབས་ས་རེད།།
- བསྐྱུར་བཟེས་ད་གོམ་ལག་བདེ་མོ་རེད།།
- བློ་ཡག་ཉེས་མེད་དེ་འཛིན་ན་འཇོག།
- རྟ་དགུ་འཇའ་ཤོར་ན་རང་བློ་རེད།།
- རྨེ་སེའུ་དཀར་སེའུ་ལུང་འགབ་མ་ན།།
- སྨ་བུ་མོས་རས་ལྕུག་དྲུད་གི་ཐ།།
- འཛིན་བཟས་ད་རྒྱལ་པོའི་ཆུང་མ་རེད།།
- བསྐྱུར་བཟེས་ད་ཤ་ཁ་ཡག་མོ་རེད།།
- བློ་ཡག་ཉེས་མེད་དེ་འཛིན་ན་འཇོག།
- སྨ་དགུ་འཇའ་ཤོར་ན་རང་བློ་རེད།།