22 Dec 2016
45 sec
Audio Overview
Creators:
Gangsol Folk Culture Preservation Project
- རྨེ་ཕ་རི་རྟ་ཉོ་འགྲོ་ནི་ཚོ།།
- ངས་རྟ་ཟིག་ཉོ་དགོས་ཉམས་པར་ཞོག།
- རྒྱབ་དྲུག་ཞང་འབྲོང་མི་ལེབ་ནི་ཟིག།
- དེའི་མགོ་འཛིན་རྐྱང་མི་མཐོ་ནི་ཟིག།
- དེའི་ཞོར་ར་གོམ་ལག་བདེ་ནི་ཟིག།
- རྟ་དེ་མོ་ཉོ་དགོས་ཉམས་པར་ཞོག།
- རྨེ་ཕ་རི་བོའུ་ཉོ་འགྲོ་ནི་ཚོ།།
- ངས་བོའུ་ཟིག་ཉོ་དགོས་ཉམས་པར་ཞོག།
- བོའུ་ལྕགས་དངུལ་མི་དཀར་ནི་ཟིག།
- འཕང་བཞག་ན་ཐོག་ད་འདྲ་ནི་ཞིག།
- དེའི་ཞོར་ར་གཟུ་འབབ་བཟང་ནི་ཟིག།
- བོའུ་དེ་མོ་ཉོ་དགོས་ཉམས་པར་ཞོག།
- རྨེ་ཕ་རི་རོགས་ཉོ་འགྲོ་ནི་ཚོ།།
- དེའི་ངོ་སྟོད་དུང་མི་དཀར་ནི་ཟིག།
- དེའི་ངོ་སྨད་མཚལ་མི་དམར་ནི་ཟིག།
- གཞི་འཁོར་བའི་དཀྱིལ་ཤིང་ཟིན་ནི་ཟིག།
- དེའི་དལ་འཇམ་ཆེ་ནི་ཟིག།
- རོགས་དེ་མོ་ཉོ་དགོས་ཉམས་པར་ཞོག།