04 Jan 2017
2 min 13 sec
Audio Overview
Creators:
Gangsol Folk Culture Preservation Project
- ཐབས་ཟད་དབང་མེད།
- རྨ་ཁར་ཁྱི་ཚིལ་ཡིན་ཀྱང་ཕན།
- ཤར་རྨ་རྒྱལ་སྦོམ་ར་དེ་དར་གྱིས་བསྟོད། དར་མེད་ན་རླུང་གིས་བསྟོད།
- ས་མཐའི་མྱི། གད་འགོའི་ཤིང༌།
- དཀའ་མོའི་ལས་ཞིག་མ་ལས་ན། ཞིམ་པོའི་ཟས་ཞིག་རེག་ནི་མ་རེད།
- རྟ་རྒན་ལ་ཁ་ལོ་དང་མཛོ་རྒན་ལ་སྣ་ལོ་བཏུལ་རྒྱུ་མེད།
- མི་ཚེ་ཟད་སྲིན་པོའི་སྒོ་ཁར་ཐོན། ར་ཚེ་ཟད་འཕར་བའི་སྒོ་རྩར་ཐོན།
- ཨུར་ཐུག་ན་ཉེ་བཙལ། ཁྱི་རིག་ན་རྡོ་བཙལ།
- མི་ཐུག་ཐོད་པ་རྡོ་ལ་ཐུག རྡོ་ལེབ་ལ་མ་ཐུག་ཟོར་ལ་ཐུག
- གཞུ་སྐོར་ས་ཡོད་རུང་མདའ་འཕེན་ས་མེད་ཀི།
- ལག་ལེན་ས་མེད་པར་ཆུ་ཁར་གཏུགས། ཁ་འཁོར་ས་མེད་པ་གད་ཁར་གཏུགས།
- བུ་རེས་བུ་མོར་བབ་ན་བུ་མོས་མི་བཤད་ཁ་མེད།
- བྱ་རེས་བྱིའུ་ལ་བབ་ན་བྱིའུ་ཡིས་ནམ་ཚོད་མི་འཛིན་ཁ་མེད།
- ལ་ཁའི་རྦབ་རྡོ་མར་ལ་འདྲིལ་རྒྱུ་དང་ལུང་མདོའི་ཞར་མས་ཡར་བལྟ་རྒྱུ་གཉིས།
- བུ་ཡོད་ན་བུ་མོ་གར་བཙལ་ཡིན། རྡོ་ཡོད་ན་སུམ་ཐབ་གར་བཅོས་ཡིན།
- ལྷ་ཆེ་བཟོ་ཆུངབཟོ་ལྷ་བཟོའི་ལག གནས་རིགས་དྲུག་གར་འཕེན་བླ་མའི་ལག
- ཁ་ཆེ་རུང་སྣ་ཡི་འོག ཆུ་ཆེ་རུང་ཟམ་པའི་འོག
- ལུག་སྤང་འདོད་ཀྱིས་སྤང༌། ར་བྲག་འདོད་ཀྱིས་བྲག
- རྟ་ཁ་སྲབ་ཀྱིས་བསྒྱུར། མྱི་ཁ་གཏམ་གྱིས་བསྒྱུར།
- འཇའ་གར་སོང་ཉི་མ། བུ་གར་སོང་མནའ་མ།
- དབང་མི་ལག སྐྲ་ཤིང་ལག
- ཁྱི་ རྡོ་མེད་ཡུལ་ནས་ཁྱི་བརྒྱུགས་ན། པོ་ཐོ་མི་འཕེན་ཁ་མེད་རེད།
- གངས་དཀར་སེམས་ལ་དྲན་ན། དམར་ཆུང་ལྕེ་ཡིས་མི་རྡོབས་ཀི།
- འདུག་སའི་ལྷས་མོ་ཆུས་བཀང་ནི་རེད་མ་གཏོགས། འགྲོ་སའི་ཁུས་ཁ་ཁ་བས་འདན་ནི་མ་རེད།
- སེམས་གཉེན་གྱིས་བསད་ན་དྭངས་མཐའ་མེད། མགོ་ལྷ་སྐུས་བཅག་ན་འགྱོད་པ་མེད།
- ཕོ་སེམས་མོ་ལ་ཟུག་ན་ཕྱེ་མེད། མདའ་སྐྱང་སྤང་ལ་ཟུག་ན་ཕྱེ་ཡོད།
- མུན་ནག་མདའ་འཕང་ལྷ་ཡི་སྤྱན། ཞ་རས་རྡོ་འཕང་ཀླུ་ཡི་མགོ།
- ཝ་མི་བརྒྱལ་ཀ་མེད་འདྲེ་མོས་འགྲམ་ལྕག་རེད།
- བདམས་ཁ་ཡག་རྒྱུ་ཡིས་ཉོས། འབུ་དུང་སྐྱོང་འོ་མས་གསོས།
- བྱོལ་སོང་ཟོག་གིས་མ་འདོད་ན། གཙང་ཐང་མཛོ་མོ་རྦབ་ལ་འདྲིལ།
- མེད་པོར་ཁྱེར་ཤོག ཤི་བོར་ལོངས་ཤོག་ཟེར་རྒྱུ་མེད།
- རྒན་གྱིས་ཡར་ར། སྤྱང་རྒན་གྱི་མར་ར།