22 Dec 2016
29 sec
Audio Overview
Creators:
Gangsol Folk Culture Preservation Project
- རྟ་སེར་སེར་གསེར་ར་གྲུབ་ནི་བོ།།
- རྣ་ཆ་ཉིས་གསེར་ཐུར་གཤིབ་འདྲ་རེད།།
- རྟ་ཁྱོད་ཚོའི་རྩབ་ན་ཡོད་ན་བོ།།
- ཇག་ལ་ལུང་འདེད་ན་ཅི་དགོས་འོ།།
- མཛོ་ཁྱུང་ལོ་དངུལ་ར་གྲུབ་ནི་བོ།།
- རྭ་ཆ་ཉིས་དངུལ་ཐུར་གཤིབ་འདྲ་རེད།།
- མཛོ་ཁྱོད་ཚོའི་རྩབ་ན་ཡོད་ན་འོ།།
- ཚོང་ཁེ་ཁ་ལེན་ན་ཅི་དགོས་འོ།།
- སྨན་བུ་མོ་དུང་ང་གྲུབ་འདྲ་རེད།།
- ཁ་དུང་སོ་དུང་ཕྲེང་བསྒྲིགས་འདྲ་རེད།།
- སྨན་ཁྱོད་ཚོའི་རྩབ་ན་ཡོད་ནའོ།།
- གཞི་འཁོར་ཆུང་འཛིན་ན་ཅི་དགོས་འོ།།