22 Dec 2016
30 sec
Audio Overview
Creators:
Gangsol Folk Culture Preservation Project
- རྟ་འདོ་ལོ་རྟ་མགྲིན་དམར་པོས་སྲུང་།།
- སྒ་བེ་ཤིང་བེ་ཡུལ་སྤྲུལ་སྐུས་སྲུང་།།
- སྲབ་སིལ་མ་ལྷ་ཆེན་ཚངས་པས་སྲུང་།།
- འདི་གསུམ་གྱིས་སྲུང་དང་བུད་ད་འགྲོ།།
- སྨན་བུ་མོ་མོ་ལྷ་ཀླུ་མོས་སྲུང་།།
- མགོ་གཡུ་བྱུར་ནམ་མཁའི་ལྷ་ལོས་སྲུང་།།
- ལུས་གྲུབ་ཆེན་གྲུབ་ཆུང་སྤྲུལ་སྐུས་སྲུང་།།
- འདི་གསུམ་གྱིས་སྲུང་དང་བུད་ད་འགྲོ།།
- སྐྱེ་ཤར་ལོའི་ཕོ་ལྷ་དགྲ་བླས་སྲུང་།།
- མགོའི་ཝ་ཞྭ་བསིལ་མ་རླུང་གིས་སྲུང་།།
- རྐེག་(རྐེད་)གྲི་ཆུང་རྡོ་རྗེ་སེམས་དཔས་སྲུང་།།
- འདི་གསུམ་གྱིས་སྲུང་དང་བུད་ད་འགྲོ།།