22 Dec 2016
30 sec
Audio Overview
Creators:
Gangsol Folk Culture Preservation Project
- རྟ་འདོ་ལི་ཡུ་མོའི་རྣ་མཆོག་ཅན།།
- ཁྱོ་རིག་འ་རྒྱུགས་རེ་འདོད་ཀི་ད།།
- ཡང་དེང་སང་དཔོན་ལོའི་ཁ་འོག་གི།
- ཇག་ལ་ལུང་འདེད་ཀི་དབང་ཆུང་རེད།།
- བོས་ཁྲ་རིང་དངུལ་དཀར་སོ་བ་ཅན།།
- ཁྱོ་རིག་འ་འཕེན་རེ་འདོད་ཀི་ད།།
- ཡང་དེང་སེང་བླ་ལོའི་ཁ་འོག་གི།
- ཤྭ་ཕོ་ཆེན་གསོད་ཀི་དབང་ཆུང་རེད།།
- སྨན་ཞི་མོ་བྱུར་དམར་རྣ་ཚར་ཅན།།
- ཁྱོ་རིག་འ་རྩེ་རེ་འདོད་ཀི་ད།།
- ཡང་དེང་སང་རོགས་ལོའི་ཁ་འོག་གི།
- རོགས་ཡན་པར་རྩེ་འི་དབང་ཆུང་རེད།།