29 Dec 2016
20 sec
Audio Overview
Creators:
Gangsol Folk Culture Preservation Project
- རྟ་འདོ་ལི་གསེར་གི་ཁ་རི་ཅན། །
- འགྲོ་བཟླས་ན་སྲབ་མདའ་རྡང་ང་བཏགས། །
- འདུག་བཟླས་ན་གསེར་སྒ་རྒྱབ་བ་བསྟད། །
- བློ་མི་བདེ་མཚར་ཆུང་གྱི་ལི་ལི། །
- མཛོ་ཁྱུང་དཀར་བྲ་མའི་སྣར་ཆུ་ཅན། །
- འགྲོ་བཟླས་ན་སྣ་ཐག་རྡང་ང་བཏགས། །
- འདུག་བཟླས་ན་དྲུག་ཇ་རྒྱབ་བ་བཀལ། །
- བློ་མི་བདེ་ངུར་ཆུང་གྱི་ལི་ལི། །
- སྨན་བུ་མོ་བྱུར་ཞིག་རྣ་ཙོར་ཅན། །
- འགྲོ་བཟླས་ན་ཕ་མ་དགོང་ལོ་ཐོན། །
- འདུག་བཟླས་ན་རོགས་ཀྱིས་སྙིང་གཏམ་བཤད། །
- བློ་མི་བདེ་གླུ་ཆུང་གྱི་ལི་ལི། །